སྐབས་དགུ་བའི་ཡར་ཀླུང་གཙང་བོའི་བྲག་རོང་ཆེན་མོའི་རིག་གནས་གནས་སྐོར་དུས་ཆེན་བསྡུ་ལ་ཉེ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-10-16
ཀློག་གྲངས།:
རྒྱུས་ལོན་བྱུང་བ་ལྟར་ན་བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་སྐབས་དགུ་བའི་ཡར་ཀླུང་གཙང་བོའི་བྲག་རོང་ཆེན་མོའི་རིག་གནས་གནས་སྐོར་དུས་ཆེན་དེ་ཟླ10པའི་ཚེས18ཉིན་ཉིང་ཁྲི་ས་ཁུལ་བརྒྱད་གཅིག་གྲོང་རྡལ་དུ་བསྡུ་རྒྱུ་ཡིན་ཞིང་། ཐེངས་འདིའི་རིག་གནས་གནས་སྐོར་དུས་ཆེན་སྟེང་ཀྲུང་གོའི་ཆེས་མཛེས་པའི་མཛེས་ལྗོངས་བཤུལ་ཆེན་ཞེས་པའི་རང་གཏོང་རླངས་འཁོར་འདུ་ཚོགས་དང་། རིག་རྩལ་འཁྲབ་སྟོན། བརྙན་རིས་འགྲེམ་སྟོན་སོགས་བྱ་འགུལ་ཕུན་སུམ་ཚོགས་པ་འདུས།
ཡར་ཀླུང་གཙང་པོའི་བྲག་རོང་ཆེན་མོའི་རིག་གནས་གནས་སྐོར་དུས་ཆེན་དེ2005ལོར་བསྡུས་པ་ནས་བཟུང་། ཉིང་ཁྲི་ས་ཁུལ་གྱི་ཚབ་མཚོན་རང་བཞིན་གྱི་དུས་སྟོན་བྱ་འགུལ་ཞིག་ཏུ་གྱུར་པར་མ་ཟད། བོད་ལྗོངས་ཀྱི་སྟོན་ཁ་དང་དགུན་ཁའི་གནས་སྐོར་གོང་སྤེལ་གྱི་ཐབས་མཆོག་ཅིག་ཏུ་གྱུར་པ་རེད།
འབྲེལ་ཡོད་འོས་སྦྱོར།