logo

བོད་ལྗོངས་ནག་ཆུ་ས་ཁུལ་རིག་གནས་ཅུས་ད་ཡོད་ཉར་ཚགས་ཀྱི་བྱང་ཐང་གནའ་དཔེ་ཞིབ་བཤེར་བྱས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-10-15 ཀློག་གྲངས།:
        ཉེ་ལམ། བོད་ལྗོངས་ནག་ཆུ་ས་ཁུལ་རིག་གནས་ཅུས་ས་ཁུལ་ཡོངས་སུ་ད་ཡོད་ཉར་ཚགས་བྱས་པའི་གནའ་དཔེ་ཉར་ཚད་དང་། ཉར་ཚགས་ཀྱི་གནས་ཚུལ། ཁྱབ་སྟངས་གནས་ཚུལ། སྲུང་སྐྱོབ་གནས་ཚུལ་སོགས་ལ་ནན་ཏན་གྱིས་ཞིབ་བཤེར་བྱས།
        རྒྱུས་ལོན་བྱུང་བ་ལྟར་ན། ན་ནིང་བོད་ལྗོངས་ནག་ཆུ་ས་ཁུལ་རིག་གནས་ཅུའུ་གནའ་དཔེ་གཞུང་ལས་ཁང་གིས་བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཆེད་མཁས་གཉིས་གདན་འདྲེན་ཞུས་ཏེ། ས་ཁུལ་དང་། ས་གནས། རྫོང་བཅས་རིམ་པ་གསུམ་མཉམ་འགུལ་སྒོས་ནག་ཆུའི་རྫོང11གི་དགོན་པ་དང་། ལྷ་ཁང་། རི་ཁྲོད86སོགས་ཡུལ་དངོས་སུ་བསྐྱོད་དེ་གནའ་དཔེ1262དང་། དམངས་ཁྲོད་ཉར་ཚགས་སྡེ་ཁག་དང་མི་སྒེར་གྱི་ཁྲོད་དུ་གནའ་དཔེ302ཞིབ་བཤེར་བྱེད་ཐུབ་པ་བྱུང་།
        ད་ལོའི་ཟླ6པའི་ཟླ་མཇུག་བར། རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱིས་ནག་ཆུ་ས་ཁུལ་གྱི་གནའ་དཔེ1564ཡི་ཡི་གེ་དང་། པར་རིས། གྲངས་འཛིན་ལེགས་སྒྲིག་སོགས་ཞིབ་བཤེར་དང་། ཐོ་འགོད། ཟིན་འགོད་སོགས་བྱས་ལ། དེ་ལས་ནག་ཆུ་རྫོང་གི་གནའ་དཔེ97དང་། ཨ་མདོ་རྫོང་གི་གནའ་དཔེ94། སྙན་རོང་རྫོང་གི་གནའ་དཔེ130། ལྷ་རི་རྫོང་གི་གནའ་དཔེ37། དཔལ་མགོན་རྫོང་གི་གནའ་དཔེ33། ཤན་རྩ་རྫོང་གི་གནའ་དཔེ314། ཉི་མ་རྫོང་གི་གནའ་དཔེ69། མཚོ་གཉིས་རྫོང་གི་གནའ་དཔེ9བཅས་འདུས།


འབྲེལ་ཡོད་འོས་སྦྱོར།