logo

མདོ་ཁམས་རྡུང་ལེན་འགྲན་བསྡུར་བསྡུ་བའི་བརྡ་སྦྱོར།

རྩོམ་པ་པོ།:འཕགས་ཆེན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-10-02 ཀློག་གྲངས།:

  ཁྲི་སྒོར་རྟགས་མའི་མདོ་ཁམས་རྡུང་ལེན་འགྲན་སྡུར་སྐབས་གཉིས་པ་བསྡུ་བའི་བརྡ་སྦྱོར། མངའ་རིས་སྒྲ་སྙན་གྱི་རྒྱུད་སྐུད་དང་འགྲོགས་ནས་ང་ཚོས་རང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གླུ་རུ་བཞེངས་ཆོག མངའ་རིས་སྒྲ་སྙན་གྱི་རྒྱུད་སྐུད་དང་བསྡོངས་ནས་ང་ཚོས་སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ་གྱི་མཛའ་བརྩེ་གླུ་རུ་གྱེར་ཆོག སྒང་བ་བོད་ཀྱི་མངའ་རིས་སྒྲ་སྙན་ལ་ཤ་དང་རུས་པའི་གསེང་ན་དུངས་པ་ཟབ་པའི་གངས་ལྗོངས་ཀྱི་གཞས་པ་གཞས་མ་རྣམ་པ། ཁ་བའི་རི་གྲོང་གི་སྒྲ་སྙན་རྡུང་ལེན་སྒྱུ་རྩལ་རྒྱུད་འཛིན་དར་སྤེལ་དང་།རྡུང་ལེན་པ་ཁྱེད་ལ་རང་གི་སྐད་ངག་ངོམ་པའི་གཞས་ར་ཁྲ་མོའི་གར་སྟེགས་ཤིག་བསྐྲུན་ཆེད།ད་ཐེངས་ཡང་གནམ་ས་གཅིག་སྒྲིལ་གྱི་མཚོ་སྔོན་རྨ་རྫོང་ནས་ཁྲི་སྒོར་རྟགས་མའི་མདོ་ཁམས་རྡུང་ལེན་འགྲན་སྡུར་ཆེན་མོ་སྐབས་གཉིས་པ་བསྡུ་རྒྱུ་ཡིན་པས།སྐུ་ཉིད་ཕེབས་པར་ལྷག་བསམ་དྲོན་མོས་དགའ་བསུ་ཞུ་བཞིན་ཡོད། རྡུང་ལེན་པ་རྣམ་ལ་ཕུལ་བའི་སེམས་འདུན་དྲོན་མོ་དྲུག

   1.གླུ་ཚིག་གི་ནང་དོན་ཡར་ཐོན་དང་བདེ་ཐང་ཅན་ཡིན་དགོས། 2.གཞས་ཚིག་དང་དབྱངས་རྟ་གསར་བ་ཡིན་ན་ལྷག་ཏུ་བཟང་། 3.རོལ་ཆས་མངའ་རིས་སྒྲ་སྙན་ཡིན་ན་དམིགས་བསལ་སྐར་གྲངས་0.05ཡོད། 4.ལམ་གྱི་བདེ་འཇགས་དང་འགྲོ་གྲོན་ཕྱོགས་ལ་རང་གིས་འགན་འཁུར་དགོས། 5.མཛའ་བརྩེ་དང་དྲང་བདེན་ནི་འགྲན་སྡུར་འདི་ཡི་རྩ་དོན་ཡིན། 6.ཐེངས་འདིའི་རྟིང་རྩོད་འགྲན་སྡུར་ཁྲོད་ནས་ཨང་དང་པོ་དང་གཉིས་པ་ཐོབ་མཁན་གྱི་རྡུང་ལེན་པ་ནི་ཤར་གྱི་སྐྱ་མདའ་དང་པོ་ཟེར་བའི་ལོ་གསར་དགོང་ཚོགས་ཆེན་མོའི་ཆེད་ཞུས་རྡུང་ལེན་པ་ཡིན།
བྱ་དགའི་ཨང་རིམ་དང་རྟགས་མ་གཤམ་གསལ། 

  ཨང་དང་པོ་གཅིག བྱ་དགར་སྒོར་ཁྲི་གཅིག་དང་། མངའ་རིས་སྒྲ་སྙན་གཅིག གསེར་གྱི་རྟགས་མ་གཅིག གཟི་བརྗིད་དཔང་ཡིག་གཅིག་རེ་ཡོད།
ཨང་གཉིས་པ་གཉིས། བྱ་དགར་སྒོར་སྟོང་གསུམ་དང་མངའ་རིས་སྒྲ་སྙན་གཅིག དངུལ་གྱི་རྟགས་མ་གཅིག གཟི་བརྗིད་དཔང་ཡིག་གཅིག་རེ་ཡོད། 

  ཨང་གསུམ་པ་གསུམ། བྱ་དགར་སྒོར་སྟོང་གཉིས་དང་། གློག་རྡུལ་རམ་དཀྲོལ་ཆས་གཅིག ཟངས་ཀྱི་རྟགས་མ་གཅིག གཟི་བརྗིད་དཔང་ཡིག་གཅིག་རེ་ཡོད། ཕུལ་བྱུང་བྱ་དགའ་ཐོབ་མཁན་གྱི་རྡུང་ལེན་པ་བཅུ་ལ་པི་ཝང་རྟ་མགོ་མ་གཅིག རག་གི་རྟགས་མ་གཅིག གཟི་བརྗིད་དཔང་ཡིག་གཅིག་རེ་ཡོད། སྐུལ་ལྕག་བྱ་དགའ་ཐོབ་མཁན་གྱི་རྡུང་ལེན་པ་བཅུ་བཞི་ལ་གླིང་བུ་གཅིག རག་གི་རྟགས་མ་གཅིག གཟི་བརྗིད་དཔང་ཡིག་གཅིག་བཅས་སྟེར་རྒྱུ།

  འགྲན་སྤེལ་དུས་ཚོད། བོད་ཟླ10 ཚེས5----7ཉིན།
འགྲན་སྤེལ་ས་གནས། རྨ་ལྷོ་རྫོང་ཐོག མིང་ཐོ་འགོད་རིན། སྒོར300
འབྲེལ་གཏུག་བྱེད་ཡུལ། སི་ཁྲོན་རྔ་བ་ཁུལ་གྱི་གསལ་ལྡན། ཁ་པར་ཨང་གྲངས། 13111800023 ཀན་ལྷོ་ཀླུ་ཆུ་རྫོང་གི་ལྷ་མོ་སྐྱབས། ཁ་པར་ཨང་གྲངས། 13884068866 ཀན་ལྷོ་རྨ་ཆུ་རྫོང་གི་ཆོས་རྒྱ་མཚོ། ཁ་པར་ཨང་གྲངས། 13893957957 མགོ་ལོག་ཁུལ་གྱི་བཀྲ་ཤིས་ཡར་འཕེལ། ཁ་པར་ཨང་གྲངས། 13309757711 མཚོ་ལྷོ་ཁུལ་གྱི་ནོར་བུ་དབང་རྒྱལ། ཁ་པར་ཨང་གྲངས། 13299748844 རྨ་ལྷོ་ཐུན་རིན་རྫོང་།བློ་བཟང་ཚེ་རིང་། ཁ་པར་ཨང་གྲངས། 18209735557 རྨ་ལྷོ་རྩེ་ཁོག་རྫོང་གི་བཀྲ་ཤིས་ཚེ་རིང་། ཁ་པར་ཨང་གྲངས། 13897539111 རྨ་ལྷོ་སོག་རྫོང་གི་དད་ལྡན། ཁ་པར་ཨང་གྲངས། 15909734440 རྨ་ལྷོ་སོག་རྫོང་གི་མགོན་པོ་རྣམ་རྒྱལ། ཁ་པར་ཨང་གྲངས།13897130000


འབྲེལ་ཡོད་འོས་སྦྱོར།