རྫ་སྟོད་རྫོང་གི་གནོད་ཐེབས་རྗེས་ཀྱི་བསྐྱར་བསྐྲུན་བྱ་བ་ལེགས་འགྲུབ་བྱུང་བ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-09-26
ཀློག་གྲངས།:
རྫ་སྟོད་རྫོང་གི་གནོད་ཐེབས་རྗེས་ཀྱི་བསྐྱར་བསྐྲུན་བྱ་བ་ལེགས་འགྲུབ་བྱུང་བའི་དགའ་སྟོན་རྟེན་འབྲེལ་གྱི་ཚོགས་ཆེན་བསྡུས་པ།
ཟླ9པའི་ཚེས23ཉིན། ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་གི་རིགས་སོ་སོའི་མི་དམངས་དང་ལས་བྱེད་པ་མི་ཁྲི6ལྷག་གིས་ལུས་ལ་གཟབ་མཆོར་གྱིས་སྤྲས་ཤིང་གླུ་གར་གྱི་སྤྲོ་སྟོན་རྒྱ་ཆེན་པོ་སྤེལ་ནས། ཟི་ལིང་གྲོང་ཁྱེར་གྱིས་རྫ་སྟོད་རྫོང་ལ་རོགས་བསྐྲུན་བྱས་པའི་བྱ་བ་ལེགས་འགྲུབ་བྱུང་བའི་དགའ་སྟོན་རྟེན་འབྲེལ་གྱི་ཚོགས་ཆེན་བསྡུས་པ་རེད།
སྡོད་ཁང་གསར་པ་དང་། སྨན་ཁང་གསར་པ། སློབ་གྲྭ་གསར་པ། ཐང་ཆེན་གསར་པ་སོགས་གནོད་ཐེབས་རྗེས་ཀྱི་བསྐྱར་བསྐྲུན་བྱ་བའི་ཚར་དུ་དངར་བའི་སྨིན་འབྲས་ཀུན་གྱི་མཐོང་ལམ་དུ་མངོན་ཞིང་། རྫ་སྟོད་རྫོང་གི་ཡུལ་ལུང་ཀུན་དུ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་རྒྱས།
འབྲེལ་ཡོད་འོས་སྦྱོར།