བོད་ལྗོངས་དངོས་མང་བཤམས་སྟོན་ཁང་དེ་གནས་སྐོར་བས་བོད་ཀྱི་རིག་གནས་ལ་རྒྱུས་ལོན་བྱེད་པའི་འཇུག་སྒོར་གྱུར་པ།

བོད་ལྗོངས་དངོས་མང་བཤམས་སྟོན་ཁང་གི་སྨྱན་མང་ཚོམས་ཆེན་དང་རིག་གནས་ཁྱམས་ར།
གནས་སྐོར་བའི་ངལ་གསོ་བྱེད་ས།
བརྒྱད་པའི་བཅོ་ལྔའི་ཟླ་མཆོད་དུས་ཆེན་གྱི་གུང་གསེང་སྐབས་སུ་བོད་ལྗོངས་ཀྱི་གནས་སྐོར་ཚ་རླབས་དེ་སྔར་བཞིན་དྲག་ཏུ་འཕྱོ་ཞིང་། གནས་སྐོར་བ་རྣམས་ཀྱིས་པོ་ཏ་ལའི་བརྗིད་ཉམས་དང་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་ལྷིང་འཇགས། བར་སྐོར་གྱི་འདུ་འཛི་བཅས་ཉམས་སུ་མྱོང་། ཡིན་ཡང་གནས་སྐོར་བ་མང་ཆེ་ཤས་བོད་ལྗོངས་སུ་སླེབས་མ་ཐག་ཐོག་མར་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་དུ་འགྲོ་རྒྱུར་དགའ་ལ། དེ་ནི་བོད་ཀྱི་རིག་གནས་ལ་རྒྱུས་ལོན་བྱེད་པའི་འཇུག་སྒོར་གྱུར་འདུག་པ་རེད།
ད་ལྟའི་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་ནི་བོད་ལྗོངས་ཀྱི་ཆེས་ཆེ་བའི་རིག་དངོས་བསྡུ་ཉར་དང་། སྲུང་སྐྱོབ། ཞིབ་འཇུག འགྲེམ་སྟོན་གྱི་ལྟེ་གནས་ཤིག་ཡིན་པར་མ་ཟད། གནས་སྐོར་བ་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་དང་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་བྱེད་པའི་གནས་གལ་ཆེན་ཞིག་ཡིན་པ་རེད།
