logo

བོད་རང་སྐྱོང་ལྗོངས་ཀྱི་སྐབས་གཉིས་པའི་བརྙན་འཕྲིན་ཆེད་ལས་ཀྱི་བྲོ་གར་རྟིང་རྩོད་འགྲན་བསྡུར་སྤེལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-22 ཀློག་གྲངས།:


བྲོ་གར་འཁྲབ་སྟོན།(པར་རིས་ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ)

        ཟླ9བའི་ཚེས18ཉིན་གྱི་དགོང་མོ། བོད་རང་སྐྱོང་ལྗོངས་སྐབས་གཉིས་པའི་བརྙན་འཕྲིན་ཆེད་ལས་ཀྱི་བྲོ་གར་རྟིང་རྩོད་འགྲན་བསྡུར་དེ་བོད་ལྗོངས་བརྙན་འཕྲིན་ཁང་གི་འཁྲབ་གཏོང་ཚོམས་ཁང་དུ་བསྡུས་ཤིང་། ལྗོངས་ཡོངས་རིག་རྩལ་མཐུན་ཚོགས་ཀྱི་བྲོ་གར་བརྩམས་ཆོས60དང་། འགྲན་ཞུགས་པ400ལྷག་ཐེངས་འདིའི་འགྲན་བསྡུར་དུ་ཞུགས་པ་རེད།


འཁྲབ་སྟོན་བྱེད་བཞིན་པའི་ཚུལ།
(པར་རིས་ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ)

        འགྲན་ཞུགས་པ་རྣམས་ཀྱིས་བྲོ་གར་གྱི་ལམ་ནས་མི་རིགས་རང་གི་བྲོ་གར་ཉིང་བཅུད་ཡོངས་སུ་མངོན་པ་དང་། བྲོ་གར་འགའ་ཤས་ལ་འཚོ་བའི་རྣམ་པ་ཆེས་ཆེར་ལྡན་ཞིང་མི་དང་ཁོར་ཡུག་དབར་གྱི་འཆམ་མཐུན་འབྲེལ་བའང་མཚོན་པར་བྱས་ཡོད།


འབྲེལ་ཡོད་འོས་སྦྱོར།