logo

འཆམ་མཐུན་བོད་ཡུལ་གཏམ་གྱིས་འགྲིམ་པའི་གླེགས་བམ་ཞེས་པའི་མཚོ་སྔོན་གྱི་སྡེ་ཡོངས་སུ་མཇུག་རྫོགས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-16 ཀློག་གྲངས།:

  ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་མཚོ་སྔོན་བོད་སྐད་རླུང་འཕྲིན་གཉིས་ཀྱིས་མཉམ་དུ་བསྒྲུབ་པའི《འཆམ་མཐུན་བོད་ཡུལ་གཏམ་གྱིས་འགྲིམ་པའི་གླེགས་བམ》ཞེས་པའི(མཚོ་སྔོན་གྱི་སྡེ)བཅར་འདྲི་བྱ་འགུལ་ཡོངས་སུ་མཇུག་རྫོགས་པ་རེད། བྱ་འགུལ་དེ་ཟླ5པའི་ཚེས24ཉིན་ཟི་ལིང་དུ་འགོ་བརྩམས་པ་ནས། ཟླ7པའི་ཚེས20ཉིན་བར་བཅར་འདྲི་དང་བརྒྱུད་སྒྲོག་གི་འགན་འཁུར་ཡོངས་མཇུག་རྫོགས་ཤིང་། ཟླ9པའི་ཚེས12ཉིན《འཆམ་མཐུན་བོད་ཡུལ་གཏམ་གྱིས་འགྲིམ་པའི་གླེགས་བམ》ཞེས་པའི(མཚོ་སྔོན་གྱི་སྡེ)སྤྱི་བསྡོམས་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས་པ་རེད།
  འཆམ་མཐུན་བོད་ཡུལ་གཏམ་གྱིས་འགྲིམ་པའི་གླེགས་བམ་བཅར་འདྲི་ཚོགས་པས་སྔ་རྗེས་སུ་མཚོ་ལྷོའི་ཁྲི་ཀ་རྫོང་དང་། མང་རྫོང་། བྲག་དཀར་རྫོང་། གསེར་ཆེན་རྫོང་སོགས་སུ་ཕྱིན་ནས་སྐྱེ་ཁམས་འཛུགས་སྐྲུན་དང་། འབྲོག་པའི་འཚོ་བ་གསར་བ། སྨན་བཅོས་འཕྲོད་བསྟེན་མ་ལག་གི་བཅོས་བསྒྱུར་སོགས་ཀྱི་གནས་ཚུལ་ལ་བཅར་འདྲི་དང་བརྒྱུད་འགོད་བྱས་པ་རེད།
  ཟླ་གཉིས་ཀྱི་རིང་ལ་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ཀྱི་རྩོམ་སྒྲིག་པ་དང་གསར་འགོད་པ50བརྒྱུད་འགོད་ཚན་ཆུང6ཏུ་བགོས་ནས་སྤྱི་ལེ15000ལྷག་ལ་ཕྱིན་ནས། མཚོ་སྔོན་ཞིང་ཆེན་གྱི་ཁུལ་དྲུག་དང་གྲོང་ཁྱེར2ཀྱི་བོད་རིགས་འདུས་སྡོད་ཀྱི་རྫོང་ཁོངས25རུ་ཕྱོགས་ཡོངས་དང་ངོས་ཐད་མི་འདྲ་བ་ནས་མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས། སྤྱི་ཚོགས་བརྟན་འཇགས་སོགས་ཀྱི་ཐད་ཀྱི་གྲུབ་འབྲས་བརྒྱུད་འགོད་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།