ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་རིག་གནས་གནས་སྐོར་དུས་ཆེན་མི་འགྱངས་པར་བསྡུ་རྒྱུ་རེད།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-09-11
ཀློག་གྲངས།:
2012ལོའི་སྐབས་དང་པོའི་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་རིག་གནས་གནས་སྐོར་དུས་ཆེན།
རྒྱུས་ལོན་པ་ལྟར་ན། རྒྱལ་དབང་སྐུ་ཕྲེང་ལྔ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དར་སྤེལ་དང་མོན་ཡུལ་གྱི་སྲོལ་རྒྱུན་རིག་གནས་ཁྱབ་བརྡལ་དུ་གཏོང་ཆེད། བོད་ལྗོངས་ཀྱིས་ཟླ9པའི་ཚེས15ཉིན་སྐབས་གཉིས་པའི་ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་རིག་གནས་གནས་སྐོར་དུས་ཆེན་བསྡུ་རྒྱུ་རེད།
ཐེངས་འདིའི་རིག་གནས་གནས་སྐོར་དུས་ཆེན་སྟེང་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཏེ《མོན་པའི་ཨ་ལྕེ་ལྷ་མོ》དང《ས་དམའི་ཆང་གཞས》། 《མོན་པའི་འབའ་ཆམས》སོགས་འཁྲབ་སྟོན་བྱ་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།