རྨ་ལྷོའི་ཁུལ་སྟོན་བསུ་བའི་བོད་ཀྱི་ཟློས་གར་འཁྲབ་སྟོན་མཇུག་སྒྲིལ།

བོད་ཀྱི་ཟློས་གར་འཁྲབ་སྟོན་བྱེད་བཞིན་པ།
མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར60ལོན་པར་རྟེན་འབྲེལ་ཞུ་བར། རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་། རྨ་ལྷོ་ཁུལ་རིག་གནས་ལུས་རྩལ་ཅུའུ་དང་མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་འཁྲབ་སྟོན་རུ་ཁག་གིས་འགན་སྒྲུབ་གནང་བའི་རྨ་ལྷོའི་བོད་ཀྱི་ཟློས་གར་འཁྲབ་སྟོན་དེ་ཟླ9བའི་ཚེས6ནས་ཚེས9བར་རྨ་ལྷོ་ཁུལ་ཐང་ཆེན་དུ་སྤེལ།

བོད་ཀྱི་ཟློས་གར་འཁྲབ་སྟོན་བྱེད་བཞིན་པ།
དུས་ཡུན་ཉིན་བཞིའི་འཁྲབ་སྟོན་གྱི་སྐབས་སུ། འཁྲབ་སྟོན་པ་རྣམས་ཀྱིས་སྔ་གཞུག་ཏུ《སྲོང་བཙན་སྒམ་པོ》དང་། 《གཟུགས་ཀྱི་ཉི་མ》། 《དྲི་མེད་ཀུན་ལྡན》། 《འགྲོ་བ་བཟང་མོ》། 《སྣང་ས་འོད་འབུམ》། 《ཆོས་རྒྱལ་ནོར་བཟང》སོགས་བོད་རིགས་མང་ཚོགས་ཀྱི་བག་ལ་ཞ་བའི་འཁྲབ་གཞུང་སོགས་འཁྲབ་སྟོན་ཕུན་སུམ་ཚོགས་པ་བྱས་ཏེ་རྒྱ་ཆེའི་གཟིགས་མོ་བ་རྣམས་ཀྱི་དགའ་བསུ་ལེགས་པོ་ཐོབ།
