མཚོ་སྔོན་གློག་བརྙན་འཕྲིན་བསྒྱུར་སྒྲིག་ལྟེ་གནས་ཀྱིས་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་སྤེལ་པ།
མཚོ་སྔོན་གློག་བརྙན་འཕྲིན་བསྒྱུར་སྒྲིག་ལྟེ་གནས་ཀྱིས་ལས་བྱེད་མི་སྣ་རྣམས་གློག་བརྙན་དང་བརྙན་འཕྲིན་བསྒྱུར་སྒྲིག་བྱེད་བཞིན་པ།
ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་གློག་བརྙན་འཕྲིན་བསྒྱུར་སྒྲིག་ལྟེ་གནས་ཀྱིས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ཞབས་ཞུ་བསྒྲུབ་པ་དང་མང་ཚོགས་ཀྱི་བསམ་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པར་གཏོང་ཆེད། གཞི་རིམ་དུ་བསྐྱོད་པ་དང་བརྙན་སྡེར་གནང་བ། ཀུན་སྤྱོད་ལེགས་བསྒྱུར་གྱི་བྱ་འགུལ་སྤེལ་པ་རེད།
མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་གློག་བརྙན་འཕྲིན་བསྒྱུར་སྒྲིག་ལྟེ་གནས་ནི་རྒྱལ་ཡོངས་སུ་ལོགས་སུ་བཀར་པའི་ཞིང་ཆེན་རིམ་པའི་གྲངས་ཉུང་མི་རིགས་སྐད་ཀྱི་གློག་བརྙན་འཕྲིན་བསྒྱུར་སྒྲིག་ལས་ཁུངས་ཁོ་ན་ཡིན་ཞིང་། དེའི་ལེ་ཚན་བསྒྱུར་སྒྲིག་གི་གྲངས་ཚད་དང་ཁེབས་ཚད་ནི་རྒྱལ་ཡོངས་ཀྱི་མི་རིགས་སྐད་ཡིག་བསྒྱུར་སྒྲིག་ལས་ཁུངས་ཁྲོད་རྩེ་གྲས་སུ་གྱུར་འདུག
མཚོ་སྔོན་གློག་བརྙན་འཕྲིན་བསྒྱུར་སྒྲིག་ལྟེ་གནས་ཀྱིས་ལས་བྱེད་མི་སྣ་རྣམས་གློག་བརྙན་དང་བརྙན་འཕྲིན་བསྒྱུར་སྒྲིག་བྱེད་བཞིན་པ།
མཚོ་སྔོན་གློག་བརྙན་འཕྲིན་བསྒྱུར་སྒྲིག་ལྟེ་གནས་ཀྱིས་ལས་བྱེད་མི་སྣ་རྣམས་གློག་བརྙན་དང་བརྙན་འཕྲིན་བསྒྱུར་སྒྲིག་བྱེད་བཞིན་པ།
རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་གློག་བརྙན་འཕྲིན་བསྒྱུར་སྒྲིག་ལྟེ་གནས་ཀྱིས་ཞིང་ཆེན་ཡོངས་ཀྱི་བོད་ཁུལ་དུ་པོད10དང་ལེའུ668། བརྙན་སྡེར12000ལྷག་གནང་བས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཐོབ། ཐེངས་འདིའི་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་གྱིས་ལྟེ་གནས་དེ་གའི་ལས་བྱེད་མི་སྣ་རྣམས་ཀྱིས་བསྒྱུར་སྒྲིག་བརྩམས་ཆོས་མཆོག་ཏུ་གྱུར་བ་བསྐྲུན་པའི་བརྩོན་སེམས་ལ་སྐུལ་འདེད་བྱས་ཐོག མི་རིགས་སྐད་ཀྱི་གློག་བརྙན་འཕྲིན་བསྒྱུར་སྒྲིག་བྱེད་པའི་བྱ་བའི་ནུས་པ་མཐོར་འདེགས་དང་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཆེན་པོ་ཐོན་པ་རེད།