logo

སུམ་རྩེན་གླིང་གི་གྲྭ་བཙུན་རྣམས་ཀྱིས་ས་འགུལ་གནོད་ཐེབས་ས་ཁུལ་ལ་སྨོན་ལམ་བཏབ་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-05 ཀློག་གྲངས།:

云南最大藏传佛教寺院百余僧人为灾区诵经祈祷
སུམ་རྩེན་གླིང་གི་གྲྭ་བཙུན་རྣམས་ཀྱིས་ས་འགུལ་གནོད་ཐེབས་ས་ཁུལ་ལ་སྨོན་ལམ་བཏབ་པ།

སུམ་རྩེན་གླིང་གི་གྲྭ་བཙུན་རྣམས་ཀྱིས་ས་འགུལ་གནོད་ཐེབས་ས་ཁུལ་ལ་སྨོན་ལམ་བཏབ་པ།

  ཟླ9པའི་ཚེས2ཉིན། སེམས་ཀྱི་ཉི་ཟླའི་དགའ་ལྡན་སུམ་རྩེན་གླིང་རོང་པ་ཁམས་ཚན་གྱི་གྲྭ་བཙུན140ལྷག་ཅིག་ཏུ་འཛོམས་ནས་སི་ཁྲོན་དང་ཡུན་ནན་འདྲེས་མཚམས་ཀྱི་ས་འགུལ་གནོད་ཐེབས་ས་ཁུལ་ལ་སྨོན་ལམ་བཏབ། རོང་པ་ཁམས་ཚན་ནི་སེམས་ཀྱི་ཉི་ཟླ་རྫོང་ཉི་ཤར་ཡུལ་ཚོའི་དགའ་ལྡན་སུམ་རྩེན་གླིང་གི་བུ་དགོན་ཞིག་ཡིན་ཞིང་། ཐེངས་འདིའི་སྨོན་ལམ་འདེབས་པའི་ཆོ་ག་ནི་རོང་པ་ཁམས་ཚན་བསྐྱར་བསྐྲུན་བྱས་ཚར་རྗེས་སུ་སྤེལ་བའི་བྱེད་སྒོ་ཆེ་ཤས་ཐོག་མ་ཡིན་པ་རེད།


དགོན་པར་རས་གུར་ཕུབ་ནས་ལས་རེས་བྱེད་པ།

  ཐེངས་འདིའི་ས་འགུལ་ཁྲོད་ཡུན་ནན་ཞིང་ཆེན་གྱི་ཆེས་ཆེ་བའི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་སྟེ་དགའ་ལྡན་སུམ་རྩེན་གླིང་ལ་ཡང་གནོད་སྐྱོན་ཅུང་ཆེན་པོ་ཐོབ་སྟེ། གྲྭ་ཤགས120ལ་ཚད་མི་འདྲ་བའི་གནོད་སྐྱོན་ཐེབས་པ་དང་། དགོན་པའི་གྲྭ་བ721ཕལ་ཆེར་རང་རང་སར་སྐྱེལ་ཚར་ལ། ཤུལ་དུ་ལས་རེས་བྱེད་པའི་གྲྭ་བ40ལྷག་རས་གུར་ནང་དུ་བསྡད་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།