logo

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་སྨན་སྦྱིན་སྨན་དཔྱད་ཀྱི་འགན་བབས་སྨན་བཅོས་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-05 ཀློག་གྲངས།:

青海省藏医院自发捐款开展送医送药义诊活动
མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་སྨན་སྦྱིན་སྨན་དཔྱད་ཀྱི་འགན་བབས་སྨན་བཅོས་བྱ་འགུལ་སྤེལ་བ།

  ཉེ་ཆར། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ཞག་སྡོད་ཏང་ཀྲི་པུས་རང་མོས་ཀྱིས་སྒོར་ཁྲི2ལྷག་གི་ཞལ་འདེབས་གནང་ནས་བོད་སྨན་དང་། ནུབ་སྨན། སྨན་བཅོས་སྒྲིག་ཆས་སོགས་ཉོས་ནས། མི14རྩ་འཛུགས་བྱས་ཏེ་རྨ་ལྷོ་ཁུལ་གཅན་ཚ་རྫོང་རྒན་གསོ་ཁང་དུ་སོང་ནས་སྨན་སྦྱིན་སྨན་དཔྱད་ཀྱི་འགན་བབས་སྨན་བཅོས་བྱ་འགུལ་སྤེལ་པ་རེད།
  འགན་བབས་སྨན་བཅོས་བྱེད་པའི་ཡུལ་དངོས་སུ་ལས་བྱེད་མི་སྣ་རྣམས་ཀྱིས་རྒན་གསོ་ཁང་གི་རྒན་པ་དང་དེར་ཡོང་བའི་ཡུལ་མི་རྣམས་ལ་རིན་མི་ལེན་པར་ཁྲག་ལ་བརྟག་པ་དང་། སྨན་སྦྱིན་གཏོང་བ། བདེ་ཐང་སློབ་གསོའི་དྲིལ་སྒྲོག་རྒྱུ་ཆ་བཀྲམ་པ་སོགས་ཀྱི་དགེ་བའི་ལས་གང་མང་བསྒྲུབས།
  ཐེངས་འདིའི་འགན་བབས་སྨན་བཅོས་ཁྲོད་ཁྱོན་བསྡོམས་ནད་པ300ལྷག་གི་ནད་ལ་བརྟག་པ་དང་། མི200ལྷག་ལ་སྨན་བཅོས་ལག་རྩལ་ཀྱི་བརྟག་དཔྱད་གནང་། སྨན་རྫས་རིགས100ལྷག་སྦྱིན། དེར་མ་ཟད་གཅན་ཚ་རྫོང་རྒན་གསོ་ཁང་ལ་སྨན་བཅོས་སྒྲིག་ཆས་དང་། སྨྱུ་གུ། འབྲི་དེབ། བོད་ལུགས་གསོ་རིག་གི་བདེ་ཐང་སློབ་གསོའི་འོད་སྡེར་སོགས་གནང་བས། ཐེངས་འདིའི་བྱ་འགུལ་བརྒྱུད་ནས་རྒྱ་ཆེའི་ནད་པ་རྣམས་ཀྱིས་མཚོ་སྔོན་བོད་སྨན་ཁང་གི་བྱ་བར་ཁས་ལེན་མཛད་ཐོག རྗེས་སོར་མུ་མཐུད་དུ་གཞི་རིམ་ལ་ཞབས་ཞུ་བསྒྲུབ་པ་དང་མང་ཚོགས་ལ་ཞབས་ཞུ་བསྒྲུབ་པའི་འདུ་ཤེས་མཐོར་འདེགས་གཏོང་བར་སྐུལ་འདེད་ཆེན་པོ་ཐོབ།


འབྲེལ་ཡོད་འོས་སྦྱོར།