logo

དཀར་མཛེས་ཁུལ་གྱིས་འབའ་ཐང་གི་པི་ཝང་རྒྱུད་གསུམ་མའི་རྒྱུན་འཛིན་པ་སྐྱེད་སྲིང་བྱེད་བཞིན་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-03 ཀློག་གྲངས།:

甘孜州千年“巴塘弦子”后继有人
འབའ་ཐང་རྫོང་མི་རིགས་ཆ་ཚང་སློབ་ཆུང་གཉིས་པའི་སློབ་མ་རྣམས་ཀྱིས་པི་ཝང་རྒྱུད་གསུམ་མ་སྦྱོང་བཞིན་པ།

པི་ཝང་རྒྱུད་གསུམ་མའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་བཀྲ་ཤིས་ལགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པ།

  འབའ་ཐང་གི་པི་ཝང་རྒྱུད་གསུམ་མ་ནི་ཧ་ཅང་སྙན་ཞིང་འཇེབས་ལ་ལུས་ཀྱི་ཉམས་འགྱུར་དོད་པོ་ལྡན་པའི་དམངས་ཁྲོད་ཀྱི་གཞས་གར་བསྡེབས་མ་ཞིག་ཡིན་ཞིང་། མིག་སྔའི་བར་དུ་ལོ་ངོ་སྟོང་གཅིག་ལྷག་གི་ལོ་རྒྱུས་ལྡན། 2006ལོར་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོའི་འདེམ་ཐེངས་དང་པོའི་ཁྲོད་བདམས་པ་རེད།
  ཉེ་བའི་ལོ་ནང་སི་ཁྲོན་ཞིང་ཆེན་འབའ་ཐང་རྫོང་གིས་འབའ་ཐང་གི་པི་ཝང་རྒྱུད་གསུམ་མ་ལ་མ་དངུལ་བཏང་ནས་འཇོན་མི་ནང་འདྲེན་དང་ཡུལ་དེའི་སློབ་གྲྭར་པི་ཝང་རྒྱུད་གསུམ་མ་གསོ་སྦྱོང་ལྟེ་གནས་བཙུགས་པས། བྱིས་པ་རྣམས་ཀྱིས་ཆུང་དུས་ནས་འབའ་ཐང་རྒྱུད་གསུམ་མ་ལ་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད། མིག་སྔར་རྫོང་ཡོངས་སུ་རྒན་དར་གཞོན་གསུམ་བཅས་མི་རབས་གསུམ་གྱི་རྒྱུན་འཛིན་པ་ཡོད་ཅིང་། ཁོང་ཚོའི་འཁྲབ་སྟོན་ལ་ཡང་རྒན་པ་དང་། དར་མ། ན་གཞོན། ལོ་ཆུང་བྱིས་པ་བཅས་མི་རབས་བཞིའི་ཁྱད་ཆོས་ལྡན་ལ། ཁོང་ཚོས་མི་རབས་ནས་མི་རབས་བར་འབའ་ཐང་རྒྱུད་གསུམ་མ་རྒྱུན་འཛིན་དང་དར་སྤེལ་བྱེད་བཞིན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།