སྐབས་དང་པོའི་མཚོ་སྔོན་གྱི་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་འདུ་ཚོགས་འགོ་ཚུགས་པ།
.jpg)
སྐབས་དང་པོའི་མཚོ་སྔོན་གྱི་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་འདུ་ཚོགས་སྟེང་འགྲེམ་འཚོང་བྱེད་པའི་བོད་སྨན།.jpg)
ཕྱེ་མར་བཏགས་པའི་དབྱར་རྩྭ་དགུན་འབུ།
ཟླ8པའི31ཉིན། 2013སྐབས་དང་པོའི་མཚོ་སྔོན་གྱི་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་འདུ་ཚོགས་ཟི་ལིང་གྲོང་ཁྱེར་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་འགྲེམ་འཚོང་འདུ་ཚོགས་སྟེང་རྒྱལ་ཁབ11གི་གཞུང་ཚབ་དང་འཐུས་ཚབ་ཚོགས་པ14ཞུགས་ཡོད་པ་དང་། ཞིང་ཆེན་ཕྱི་ནང་གི་ཁེ་ལས412ཞུགས་ཡོད་པ་རེད།
འགྲེམ་འཚོང་འདུ་ཚོགས་ཀྱི་སྐབས་སུ་དབྱར་རྩྭ་དགུན་འབུ་དང་ཀྲུང་བོད་སྨན་རྫས་འགྲེམ་སྟོན་དང་། མཚམས་སྦྱོར། ཚོང་ཟོང་བརྗེ་རེས་སོགས་ཀྱི་བྱ་འགུལ་སྤེལ་པར་མ་ཟད། ཀྲུང་ལུགས་དང་། བོད་ལུགས། ཁ་ཆེའི་ལུགས། སོག་ལུགས་བཅས་ཀྱི་གསོ་རིག་ཁྱབ་ཁོངས་ཀྱི་ཆེད་མཁས་རྣམས་ཀྱིས་འགྲེམ་འཚོང་གི་ཡུལ་དངོས་སུ་སྨན་བཅོས་དང་ནད་རྟགས་འདྲི་བ་སོགས་ཀྱི་བྱ་འགུལ་སྤེལ་རྒྱུ་རེད། དེའི་མཚུངས་སུ་འགྲེམ་འཚོང་གི་མཐོ་རིམ་གླེང་སྟེགས་དང་།དབྱར་རྩྭ་དགུན་འབུ་དང་ཀྲུང་བོད་སྨན་རྫས་སྐོར་གྱི་ཤེས་བྱའི་བྱ་དགའ་ཡོད་པའི་དྲི་བ་དྲིས་ལན་སོགས་ཀྱི་བྱ་འགུལ་སྤེལ་རྒྱུ་རེད།
