logo

རྒྱལ་རྩེའི་མདའ་མའི་དུས་ཆེན་དམངས་སྲོལ་ཡུལ་སྐོར་སྤྲོ་སྐྱིད་གླིང་སྒོ་ཕྱེས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-31 ཀློག་གྲངས།:

/江孜达玛节民俗风情园开园营业.jpg
རྒྱལ་རྩེའི་མདའ་མའི་དུས་ཆེན་དམངས་སྲོལ་ཡུལ་སྐོར་སྤྲོ་སྐྱིད་གླིང་སྒོ་ཕྱེས་པ།

སྒོ་འབྱེད་མཛད་སྒོའི་སྟེང་འཕང་འཁེལ་སྟངས་འགྲེམ་སྟོན་བྱེད་པ།

  ཟླ8པའི30ཉིན། བོད་ལྗོངས་གཞིས་ཀ་རྩེ་ས་ཁུལ་རྒྱལ་རྩེ་རྫོང་གི་མདའ་མའི་དུས་ཆེན་དམངས་སྲོལ་ཡུལ་སྐོར་སྤྲོ་སྐྱིད་གླིང་དངོས་སུ་སྒོ་ཕྱེས་པ་རེད།
  མདའ་མའི་དུས་ཆེན་དམངས་སྲོལ་ཡུལ་སྐོར་སྤྲོ་སྐྱིད་གླིང་ནི་ཡུལ་ངེས་གཏན་གྱི་མདའ་མའི་དུས་ཆེན་རོལ་ཆེད་བསྐྲུན་པ་ཡིན་ལ། ཟླ4ཡི་རིང་ལ་བཟོ་བསྐྲུན་བྱས་པ་དང་ཟླ2ལ་ཚོད་ལྟའི་བཀོལ་སྤྱོད་བྱས་ཤིང་། ཕུན་སུམ་ཚོགས་པའི་དམངས་སྲོལ་བྱ་འགུལ་སྤེལ་ནས་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་པ་རེད།
  ལོ་ངོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ཞིང་ལོ་རེར་ཐེངས་གཅིག་ལ་སྤེལ་བཞིན་པའི་མདའ་མའི་དུས་ཆེན་ནི་གཙང་གི་རྒྱལ་རྩེ་ཡུལ་གྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་དུས་སྟོན་ཞིག་ཡིན་ཏེ། གཙོ་བོ་རྟ་རྒྱུག་དང་། གཡག་རྒྱུག མདའ་འཕེན། ཐག་འཐེན་སོགས་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་ཅིང་། མིག་སྔར་རྒྱལ་ཁབ་རིམ་པའི་དམངས་སྲོལ་དུས་ཆེན་དང་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སུ་བཞག་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།