མཚོ་ལྷོ་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་གྲུབ་འབྲས་འགྲེམ་སྟོན་སྤེལ།
མཚོ་ལྷོ་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་གྲུབ་འབྲས་འགྲེམ་སྟོན་སྤེལ།
ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་དགའ་སྟོན་གྱི་དུས་སུ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཙོ་སྒྲུབ་དང་། ཁུལ་ཨུའི་དྲིལ་སྒྲོག་པུས་འགན་སྒྲུབ་གནང་བའི་མཚོ་ལྷོའི་ཁུལ་སྟོན་གྱི་གྲུབ་འབྲས་འགྲེམ་སྟོན་དེ་ཆབ་ཆའི་ཤམ་བྷ་ལ་ཐང་ཆེན་གྱི་དམངས་སྲོལ་རིག་གནས་དངོས་མང་བཤམས་སྟོན་ཁང་དུ་བཀྲམ་ཞིང་། བྱ་འགུལ་འདི་ནི་མཚོ་ལྷོ་ཁུལ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་བྱ་འགུལ་རབས་དང་རིམ་པ་ལས་ཆེས་དོན་སྙིང་ལྡན་པ་ཞིག་ཡིན་ལ། གྲུབ་འབྲས་འགྲེམ་སྟོན་འདི་ནི་སྔོན་འགྲོའི་འགྲེམ་ཁང་དང་འགྲེམ་ཁུལ་བརྒྱད་ལས་གྲུབ།
ཞིང་ཕྱུགས་ལས་རིགས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན།
ཉིན་འདི་འགའི་རིང་ལ། དངོས་མང་བཤམས་སྟོན་ཁང་དུ་གཟིགས་མོར་ཕེབས་པའི་སྐུ་མགྲོན་ནི་རྒྱུན་ཆད་མེད་ཅིང་། ཚང་མས“ཐེངས་འདིའི་གྲུབ་འབྲས་འགྲེམ་སྟོན་གྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ60རིང་། སྐབས་རེ་རེའི་ཏང་ཨུ་དང་སྲིད་གཞུང་གི་རྡོག་རྩ་གཅིག་སྒྲིལ་གྱི་སྣེ་ཁྲིད་འོག ཁུལ་ཡོངས་མི་རིགས་སོ་སོའི་མང་ཚོགས་ཁྲི45ལྷག་གིས་བསྐྲུན་པའི་འཛུགས་སྐྲུན་གྱི་གྲུབ་འབྲས་དང་མཁར་གྲོང་གི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་ཡོངས་སུ་ངོམ་པ་དང་། འདི་ལས་ལོ་འཁོར་དྲུག་ཅུའི་རླབས་ཆེན་གྱི་ལོ་རྒྱུས་མཐོང་ཐུབ་ལ། དེང་གི་མདུན་སྐྱོད་ཀྱི་འཚོ་བ་གསར་བ་ཚོར་ཐུབ་པས། ཏང་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་མ་འོངས་བའི་མཚོ་ལྷོ་སྔར་ལས་འོད་སྟོང་ལྡན་པར་ཡིད་ཆེས་བརྟན།
གཟིགས་མོ་བ་རྣམས་ཀྱིས་འགྲེམ་སྟོན་ལ་གཟིགས་བཞིན་པ།
ཐེངས་འདིའི་གྲུབ་འབྲས་འགྲེམ་སྟོན་འདི་ཨང་ཀིའི་དཔྱད་བསྡུར་དང་། ཡི་གེས་ཞིབ་བརྗོད། རིས་འགྲེམ་བཅས་ཀྱི་ཐབས་ལམ་བརྒྱུད་ནས་ཟུར་སྣ་མང་དང་ཕྱོགས་ཡོངས་ནས་མཚོ་ལྷོ་ཁུལ་བཙུགས་ནས་ལོ་འཁོར་དྲུག་ཅུའི་རིང་སྟེ། སྒོས་སུ་བཅོས་བསྒྱུར་སྒོ་འབྱེད་ནས་བཟུང་། ཀྲུང་གོ་གོང་ཁྲན་ཏང་གི་ཡང་དག་པའི་སྣེ་ཁྲིད་འོག ཏང་གི་མི་རིགས་སྲིད་ཇུས་ལས་སྲིད་འབྱོར་རིག་གསུམ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཕྱོགས་སོ་སོ་ནས་འོད་སྟོང་ལྡན་པའི་གྲུབ་འབྲས་བླངས་པ་དང་རླབས་ཆེ་བའི་ལོ་རྒྱུས་ཀྱི་འགྱུར་ལྡོག་ངོམ་པ་དང་ཆབས་ཅིག རང་སྐྱོང་ཁུལ་གྱི་མ་འོངས་སྔར་ལས་མཛེས་སྡུག་ལྡན་པར་ལྟས་བྱུང་།