logo

2013ལོའི་ལོངས་ཤོ་རྟགས་མའི་ཀྲུང་གོའི་བོད་ཀྱི་མཛའ་གཞས་འགྲན་ཚོགས་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-28 ཀློག་གྲངས།:


2013ལོའི་ལོངས་ཤོ་རྟགས་མའི་ཀྲུང་གོའི་བོད་ཀྱི་མཛའ་གཞས་
འགྲན་ཚོགས་མཛད་སྒོར་ཞུགས་པའི་འགོ་ཁྲིད་རྣམ་པ།

        ཟླ8པའི་ཚེས26ཉིན། 2013ལོའི་ལོངས་ཤོ་རྟགས་མའི་ཀྲུང་གོའི་བོད་ཀྱི་མཛའ་གཞས་འགྲན་བསྡུར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གུང་ཧོ་རྫོང་དུ་སྤེལ་ཞིང་། ཐེངས་འདིའི་འགྲན་བསྡུར་ནི་ཀྲུང་གོའི་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་དང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ཁྱབ་ཁོངས་མཉམ་འབྲེལ་ལྷན་ཚོགས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞིང་བཅས་ཀྱིས་གཙོ་སྒྲུབ་དང་། གུང་ཧོ་རྫོང་མི་དམངས་སྲིད་གཞུང་དང་། མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་རོལ་མོ་བའི་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་ལོངས་ཤོ་ཚད་ཡོད་ཀུང་ཟི། མཚོ་སྔོན“ཆིན་ཐང་ཧྥུན”གྲངས་ཉུང་མི་རིགས་དམངས་ཁྲོད་རིག་གནས་དར་སྤེལ་གསར་སྐྲུན་ལྟེ་གནས་བཅས་ཀྱིས་འགན་སྒྲུབ་གནང་། འབྲེལ་ཡོད་འགོ་ཁྲིད་རྣམས་ཐེངས་འདིའི་བྱེད་སྒོར་ཞུགས་པ་དང་། ཀྲུང་གོའི་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་མཚོ་སྔོན་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསོད་ནམས་རྡོ་རྗེས་མགོ་རྩོམ་མཛད་སྒོར་མདོ་འཛིན་མཛད།


མཛའ་གཞས་འགྲན་ཚོགས་ལ་ཞུགས་པའི་གླུ་མ་ཚོ།

        ཀྲུང་གོའི་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་མཚོ་སྔོན་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསོད་ནམས་རྡོ་རྗེས་གསུང་རྒྱུར། 2013ལོའི་ལོངས་ཤོ་རྟགས་མའི་ཀྲུང་གོའི་བོད་ཀྱི་མཛའ་གཞས་འགྲན་བསྡུར་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་དགའ་སྟོན་འབྲེལ་རྟེན་གྱི་ལེགས་གཅེས་སུ་ཕུལ་བ་དང་། མཚོ་ལྷོ་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ལ་གྲ་སྒྲིག་བྱས་པའི་རིག་གནས་ཀྱི་གསོལ་སྟོན་ཞིག་ཡིན། འདི་ལྟ་བུའི་བྱ་འགུལ་སྤེལ་བར་བརྒྱུད་བོད་ཁུལ་གྱི་མཛའ་གཞས་དར་སྤེལ་དང་། ས་ཁུལ་སོ་སོའི་མི་རིགས་ཀྱི་དམངས་ཁྲོད་རོལ་མོ་འབྲེལ་འདྲིས་དང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་ཅིང་། མི་རིགས་ཀྱི་དམངས་ཁྲོད་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ལ་སྔོན་སྐུལ་སྒོས་སྔོན་ཐོན་རིག་གནས་འཛུགས་སྐྲུན་དང་། མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས། ས་གནས་ཀྱི་རིག་གནས་མཚན་རྟགས་སྐྲུན་པ་སོགས་ཀྱི་ཐད་ནས་དགེ་མཚན་ཆེན་པོ་ལྡན།


བོད་ལྗོངས་ནས་ཡོང་བའི་གླུ་བ་གླུ་མ།

        མཛའ་གཞས་འདི་གུང་ཧོ་རྫོང་གི་ཁྱད་དུ་འཕགས་པའི་རིག་གནས་མཚན་རྟགས་སུ་སྐྲུན་པ་དང་། དམངས་ཁྲོད་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ལ་སྔོན་སྐུལ། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་བྱེད་པའི་འགན་ལྕི་ཕྲག་ཏུ་བླངས་ཤིང་། རིག་གནས་གྲགས་ལྡན་གྱི་རྫོང་འཛུགས་སྐྲུན་དང་རིག་གནས་སྲ་བརྟན་གྱི་དངོས་ཤུགས་མཐོར་འདེགས་བྱེད་པ་དམིགས་སུ་བཟུང་བའི་ཁར། རིག་གནས་སྡེ་ཁག་གི་ཆོག་མཆན་བརྒྱུད་གུང་ཧོ་རྫོང་ནི་བོད་ཀྱི་མཛའ་གཞས་ཀྱི་ཕ་ས་ཞེས་པའི་མཚན་གསོལ།
         ཐེངས་འདིའི་འགྲན་བསྡུར་ལ་ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པའི་དཔྱད་འདེམ་པ་རྩ་འཛུགས་བྱས་ཏེ་ཡུན་ནན་དང་། སི་ཁྲིན། ཀན་སུའུ། བོད་ལྗོངས། མཚོ་སྔོན་བཅས་ཞིང་ཆེན་དང་ལྗོངས་ལྔའི་གླུ་བ་གླུ་མ40རྣམས་ཨ་མདོ་དང་། དབུས་གཙང་། ཁམས་པ་བཅས་ཁག་གསུམ་དུ་བགོས་ནས་འགྲན་བསྡུར་ལ་ཞུགས།

2013ལོའི་ལོངས་ཤོ་རྟགས་མའི་ཀྲུང་གོའི་བོད་ཀྱི་མཛའ་གཞས་འགྲན་ཚོགས་
སི་ཁྲོན་ནས་ཡོང་བའི་གླུ་བ་གླུ་མ།

        ཛ་དྲག་གི་འགྲན་བསྡུར་བརྒྱུད་མཐར། བོད་ལྗོངས་ནག་ཆུ་ས་ཁུལ་གྱི་ནོར་བུ་ལ་དབུས་གཙང་རུ་ཁག་གི་བྱ་དགའ་ཨང་དང་པོ་དང་། བོད་ལྗོངས་ནག་ཆུ་ས་ཁུལ་གྱི་ཉི་མ་བློ་བཟང་དང་བོད་ལྗོངས་ལྷོ་ཁའི་སྐལ་བཟང་ཕག་གྲུབ་ལ་དབུས་གཙང་རུ་ཁག་གི་བྱ་དགའ་ཨང་གཉིས་པ། བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་ཟླ་བ་སྒྲོལ་མ་དང་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཚེ་བརྟན་སྒྲོལ་མ་དང་དོན་གྲུབ་གཉིས་ལ་དབུས་གཙང་རུ་ཁག་གི་བྱ་དགའ་ཨང་གསུམ་པ་བཅས་ཐོབ་པ་དང་། མཚོ་སྔོན་ཡུལ་ཤུལ་གྱི་ཟླ་བ་ལ་ཁམས་པ་རུ་ཁག་གི་ཨང་དང་པོ་དང་། ཡུལ་ཤུལ་གྱི་གཡུ་རྒྱལ་མཚོ་མོ་དང་སི་ཁྲོན་དཀར་མཛེས་ཀྱི་ཚ་ཏེའུ་ལ་ཁམས་པ་རུ་ཁག་གི་ཨང་གཉིས་པ། སི་ཁྲིན་དཀར་མཛེས་ཀྱི་མཚོ་བུ་དང་ཡུན་ནན་བདེ་ཆེན་གྱི་དགེ་རོང་ལྷ་འབྲུག མཚོ་སྔོན་ཡུལ་ཤུལ་གྱི་ཚེ་རིང་དོན་གྲུབ་ངཅས་ལ་ཁམས་པ་རུ་ཁག་གི་ཨང་གསུམ་པ་བཅས་ཐོབ་ལ། མཚོ་སྔོན་གྱི་ལྷ་ཐར་སྐྱིད་ལ་ཨ་མདོ་རུ་ཁག་གི་ཨང་དང་པོ་དང་། མཚོ་སྔོན་གྱི་ཚེ་རིང་སྒྲོལ་མ་དང་ཀན་སུའི་གཡང་སྐྱིད་འབུམ་ལ་ཨ་མདོ་རུ་ཁག་གི་ཨང་གཉིས་པ། མཚོ་སྔོན་གྱི་སྟག་འབུམ་རྒྱལ་དང་། དོན་གྲུབ། ལྷ་སྐྱིད་བཅས་ལ་ཨ་མདོ་རུ་ཁག་གི་ཨང་གསུམ་པ་བཅས་ཐོབ་པ་རེད།


འབྲེལ་ཡོད་འོས་སྦྱོར།