རེབ་གོང་གི་ཕུལ་དུ་བྱུང་བའི་ཐང་གའི་བརྩམས་ཆོས་པེ་ཅིང་དུ་མཉམ་དུ་འགྲེམ་སྟོན་བྱས་པ།
རེབ་གོང་གི་ཐང་ག་པེ་ཅིང་དུ་མཉམ་འགྲེམ་སྟོན་བྱས།
རེབ་གོང་གི་ཐང་ག་པེ་ཅིང་དུ་འགྲེམ་སྟོན་བྱས།
རེབ་གོང་གི་ཐང་ག་པེ་ཅིང་དུ་མཉམ་དུ་འགྲེམ་སྟོན་བྱས།
ཟླ8པའི་ཚེས4ཉིན། ཕུ་ལོ་སྒྱུ་རྩལ་དང་མཚོ་སྔོན་ཞིང་ཆེན་རིག་གནས་ཐིན། རེབ་གོང་ཁུལ་རིག་གནས་ཅུའུ་བཅས་ཀྱིས་མཉམ་དུ་ཇུས་འགོད་བྱས་པའི་མཚོ་སྔོན་རེབ་གོང་གི་ཐང་གའི་ལྷ་རིས་པ་གྲགས་ཅན་གྱི་བརྩམས་ཆོས་འགྲེམ་སྟོན་དེ་པེ་ཅིང་དུ་བསྡུས་པ་རེད།
རེབ་གོང་སྒྱུ་རྩལ་ནི་བོད་བརྒྱུད་ནང་བསྟན་སྒྱུ་རྩལ་གྱི་བྲིས་རྒྱུན་གཙོ་བོ་ཞིག་ཡིན་ཞིང་། ཐེངས་འདིའི་འགྲེམ་སྟོན་གྱི་བརྩམས་ཆོས་ཁྲོད་ཚོན་ཐང་དང་། ནག་ཐང་། གསེར་ཐང་། དམར་ཐང་སོགས་ཀྱི་རིགས་མང་པོ་འདུས་པར་མ་ཟད། རེབ་གོང་སྒྱུ་རྩལ་ཁྲོད་ཕུལ་དུ་བྱུང་བའི་ཐང་གའི་བརྩམས་ཆོས་ཏེ་རྒྱལ་ཁབ་རིམ་པའི་ལྷ་རིས་པ་གྲགས་ཅན་སྙིང་འབུམ་དང་། གདུགས་དཀར། ཕྱག་རྡོར། དགེ་འདུན་དར་རྒྱས་སོགས་ཀྱི་འབྲི་བཞེངས་བྱས་པའི་ཐང་ག་གཅིག་ཏུ་འདུས་ཡོད་པ་རེད།