logo

འཕྱོངས་རྒྱས་བསོད་དབང་གི་རྐྱང་གཞས་གསར་བ་དྲ་ལམ་དུ་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-22 ཀློག་གྲངས།:


འཕྱོངས་རྒྱས་བསོད་དབང་གི་རྐྱང་གཞས་གསར་བ་དྲ་ལམ་དུ་སྤེལ་བ།

        ཉེ་ལམ། ཉི་མ་རྫོང་བཙུགས་ནས་ལོ་འཁོར20ལོན་པར་རྟེན་འབྲེལ་ཞུ་ཆེད། འཕྱོངས་རྒྱས་བསོད་དབང་གིས་རང་ཉིད་ཀྱིས་ཚིག་དང་དབྱངས་བརྩམས་པའི2013ལོའི་རྐྱང་གཞས་གསར་བ《ཉི་མ། འབྲོག་པའི་ཞིང་ཁམས》དངོས་སུ་དྲ་ལམ་དུ་སྤེལ།
        རྒྱུས་ལོན་བྱུང་བ་ལྟར་ན། འཕྱོངས་རྒྱས་བསོད་དབང་ནི་བོད་ལྗོངས་ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་རྫོང་གི་ཡིན་ཞིང་། ཆུང་དུས་ནས་གླུ་གཞས་ལེན་པར་སྤྲོ་བ་དང་། 2008ལོར་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་རོལ་མོའི་སྡེ་ཁག་ཏུ་རྒྱུགས་འཕྲོད་ལ། 2012ལོར་དུས་ཡུན་ལོ་བཞིའི་རོལ་མོ་སློབ་སྦྱོང་བདེ་བླག་ངང་མཇུག་སྒྲིལ། ད་ལྟ་བོད་ལྗོངས་ནག་ཆུ་ས་ཁུལ་ཉི་མ་རྫོང་སློབ་འབྲིང་གི་རོལ་མོའི་དགེ་རྒན་གྱི་འགན་བཞེས་པ་ཡིན།


འཕྱོངས་རྒྱས་བསོད་དབང་།


འབྲེལ་ཡོད་འོས་སྦྱོར།