ཉིང་ཁྲིའི་ཤ་མོ་མོ་བྱའི་ཟས་མཆོག་རིག་གནས་གནས་སྐོར་དུས་ཆེན་འགོ་ཚུགས་པ།
ཉིང་ཁྲིའི་ཤ་མོ་མོ་བྱའི་ཟས་མཆོག་རིག་གནས་གནས་སྐོར་དུས་ཆེན་འགོ་ཚུགས་པ།
འགྲེམ་སྟོན་ཚོང་ཚོགས་སྟེང་གི་བོད་ཀྱི་ཁྱིམ་ཆས་སྣ་ཚོགས།
ཟླ8པའི་ཚེས16ཉིན། 2013ལོའི་སྐབས་གསུམ་པའི་བོད་ལྗོངས་ཉིང་ཁྲིའི་ཤ་མོ་མོ་བྱའི་ཟས་མཆོག་རིག་གནས་གནས་སྐོར་དུས་ཆེན་དང་སྐབས་བརྒྱད་པའི་བྲག་གསུམ་མཚེའུའི་ཀོང་པོའི་དམངས་སྲོལ་རིག་གནས་གནས་སྐོར་དུས་ཆེན་འགོ་ཚུགས་ཤིང་། ཟླ9པའི་ཚེས15ཉིན་བར་དུ་སྤེལ་རྒྱུ་རེད།
བྱ་འགུལ་སྟེང་གླུ་གར་འཁྲབ་སྟོན་དང་། ཀོང་པོའི་དམངས་སྲོལ་བྱ་འགུལ། ཤ་མོ་མོ་བྱའི་ཟས་མཆོག་གཡོས་རྩལ་འགྲེམ་སྟོན་སོགས་སྤེལ་བར་མ་ཟད། ཀོང་པོ་རྒྱ་མདའ་རྫོང་གི་གྲོང་རྡལ་དང་ཡུལ་ཚོ9ནས་ཡོང་བའི་མང་ཚོགས་དང་ཚོང་བ་རྣམས་གཅིག་ཏུ་འདུས་ཏེ་ཞིང་ཞོར་ཐོན་རྫས་དང་ཁྱད་ལྡན་ཚོང་ཟོང་སོགས་ཀྱི་འགྲེམ་སྟོན་ཚོང་ཚོགས་བསྡུས་པ་རེད།
ཚོང་ཚོགས་སྟེང་འཚོང་བཞིན་པའི་ཤ་མོ་མོ་བྱ།
འགྲེམ་སྟོན་ཚོང་ཚོགས་སྟེང་གི་བོད་ཀྱི་ཁྱིམ་ཆས་སྣ་ཚོགས།