ལྷ་རྩེའི་སྟོད་གཞས་རིག་གནས་གནས་སྐོར་དུས་ཆེན་འགོ་ཚུགས་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-08-21
ཀློག་གྲངས།:
ལྷ་རྩེའི་སྟོད་གཞས།(རྒྱུ་ཆའི་པར་རིས།)
ཟླ8པའི་ཚེས20ཉིན། བོད་ལྗོངས་ཀྱི་སྐབས་བཞི་བའི་ལྷ་རྩེའི་སྟོད་གཞས་རིག་གནས་གནས་སྐོར་དུས་ཆེན་དེ་གཞིས་ཀ་རྩེའི་ལྷ་རྩེ་རྫོང་དུ་འགོ་བརྩམས་ཤིང་། ལྷ་རྩེའི་སྟོད་གཞས་རིག་གནས་གནས་སྐོར་དུས་ཆེན་ནི་ཇོ་མོ་གླང་མའི་རིག་གནས་གསན་སྐོར་དུས་ཆེན་གྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་རེད།
སྟོད་གཞས་ནི་ཡར་ཀླུང་གཙང་བོའི་སྟོད་རྒྱུད་ཀྱི་ས་ཆ་སྟེ་ངམ་རིང་དང་དིང་རི། ལྷ་རྩེ། ས་སྐྱ། ད་དུང་མངའ་རིས་རྒྱུད་ཀྱི་ཡུལ་ལུང་དུ་དར་ཁྱབ་ཆེ་བའི་དམངས་ཁྲོད་ཀྱི་གླུ་གར་རིགས་ཤིག་ཡིན་ཞིང་། ས་སྐྱའི་སྲིད་དབང་གི་དུས་སུ་ནས་བྱུང་ལ། གླུ་གཞས་དང་། ཞབས་བྲོ། རོལ་ཆ་དཀྲོལ་གཏོང་བཅས་བདག་ཉིད་གཅིག་ཅན་གྱི་དམངས་ཁྲོད་གླུ་གར་གྱི་སྒྱུ་རྩལ་རྣམ་པ་ཞིག་ཡིན། ད་ལྟའི་བར་དུ་ལོ་ངོ700ལྷག་གི་ལོ་རྒྱུས་ལྡན་པ་རེད།
འབྲེལ་ཡོད་འོས་སྦྱོར།