logo

ཐེམ་ཆེན་རྫོང་དུ་དམངས་གཞས་འཚོལ་བསྡུ་བྱེད་པའི་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:དོན་གྲུབ་ཚེ་རིང་། བདེ་སྐྱིད་སྒ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-19 ཀློག་གྲངས།:


ཐེམ་ཆེན་རྫོང་དུ་དམངས་གཞས་འཚོལ་བསྡུ་བྱེད་པའི་བྱ་འགུལ་སྤེལ་བ།

        ཉེ་ཆར། ཚྭ་འདམ་གཞོང་རིག་གནས་ཞིབ་འཇུག་ཚོགས་པ་དང་མཚོ་ནུབ་ཁུལ་རྩོམ་པ་པོའི་མཐུན་ཚོགས་གཉིས་ཀྱིས་རྩ་འཛུགས་བྱས་ཏེ་ཐེམ་ཆེན་རྫོང་དུ་དམངས་གཞས་འཚོལ་བསྡུ་བྱེད་པའི་བྱ་འགུལ་སྤེལ་ཞིང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་ཚྭ་འདམ་རིག་གནས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ལྰིག་པྰ་ཅིན་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་བསོད་ནམས་དོན་གྲུབ། ཁུལ་རིག་རྩལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་སེར་ཆིན་ཧྥུའུ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་པ་བསམ་ཚེ་དང་ཡྰང་ཏུང་ལྰིང་བཅས་ཐེངས་འདིའི་བྱ་འགུལ་ལ་ཞུགས་པ་དང་། དེ་མིན་མཚོ་ནུབ་ཁུལ་དང་ཐེམ་ཆེན་རྗོང་གི་འབྲེལ་ཡོད་མགོ་ཁྲིད་དང་ཁུལ་དང་རྫོང་གི་རིག་གནས་སྡེ་ཁག་སོགས་ནས་ཐོན་པའི་མི་སྣ30ལྷག་ཞུགས་ཡོད།
        ཐེངས་འདིའི་བྱ་འགུལ་གྱིས་རྩོམ་རིག་ཕྱོགས་ལ་དགའ་བའི་རྩོམ་པ་པོ་དང་གསར་སྐྱེས་རྩོམ་པ་པོ་རྩ་འཛུགས་བྱས་ཏེ་འཚོ་བ་དངོས་ལ་ཟབ་ཞུགས་པ་དང་། ཐེམ་ཆེན་རྫོང་གི་མཛེས་སྡུག་ལྡན་པའི་རི་ཆུ་དང་ཡུལ་སྲོལ་གོམས་གཤིས་ལ་རྒྱུས་ལོན་བྱས་ནས། རྩོམ་རིག་གི་ལམ་ནས་ཐེམ་ཆེན་རྫོང་གི་རི་ཆུ་དང་མི་དམངས་བདེ་ཞིང་སྐྱིད་པའི་འཚོ་བ་བསྟོད་བསྔགས་བྱེད་པ་དམིགས་ཡུལ་དུ་བཟུང་ནས་སྤེལ་བ་ཡིན།

ཐེམ་ཆེན་རྫོང་དུ་དམངས་གཞས་འཚོལ་བསྡུ་བྱེད་པའི་བྱ་འགུལ་སྤེལ་བ།

        བྱ་འགུལ་ཁྲོད་ཐེམ་ཆེན་རྫོང་ལ་ཚྭ་འདམ་རིག་གནས་ཞིབ་འཇུག་ཚོགས་པའི་དམངས་གཞས་འཚོལ་བསྡུ་བྱ་འགུལ་སྤེལ་བའི་རྟེན་གཞི་དང་མཚོ་ནུབ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྩོམ་རིག་གསར་རྩོམ་བྱེད་པའི་རྟེན་གཞིའི་སྒོ་བྱང་གནང་བ་དང་། ལྰིག་པ་ཅིན་དང་བསོད་ནམས་དོན་གྲུབ། སེར་ཆེན་ཧྥུ་བཅས་ལ་མཚོ་ནུབ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞིའི་འཛིན་ཡིག་སྤྲད། སེར་ཆེན་ཧྤུ་ཡིས་ཁུལ་རྩོམ་རིག་ལྷན་ཚོགས་ཀྱིས་ཚབ་བྱས་ཏེ་ཐེམ་ཆེན་རྫོང་ལ་རྩོམ་རིག་བརྩམས་ཆོས་ཕྱོགས་ཀྱི་དཔེ་ཆ་ཞལ་འདེབས་སུ་ཕུལ།
        བྱ་འགུལ་འཇུག་རྫོགས་རྗེས། ཚོགས་ཞུགས་མི་སྣས་མི་སྣ་ཆེད་བརྗོད་དང་རྩོམ་རིག་སྙན་ཞུ། སྙན་ངག་དང་ལྷུག་རྩོམ་གྱི་ལམ་ནས་བྲིས་པའི་རིགས་སོ་སོའི་བརྩམས་ཆོས་དག《གངས་རྒྱན་མེ་ཏོག》དང《ཚྭ་འདམ་གཞོང》དུས་དེབ་སྟེང་ཆེད་སྒྲིག་ལེ་ཚན་བཀོད་སྒྲིག་བྱས་ནས་ཐེངས་འདི་དམངས་གཞས་འཚོལ་བསྡུས་བྱས་པའི་བརྩམས་ཆོས་འགྲེམ་སྤེལ་བྱེད་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།