གུང་ཧོའི་རིག་རྩལ་རུ་ཁག་གིས་ལོ་སར་རིག་རྩལ་གྱ་ནོམ་པ་གྲ་སྒྲིག་བྱས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་ལྷོའི་སྨྱན་གསར།
དུས་ཚོད།:2019-02-02
ཀློག་གྲངས།:
དུས་ཆེན་གྱི་རྣམ་པ་བཟང་བོ་བསྐྲུན་པ་དང་མང་ཚོགས་ཀྱི་རིག་གནས་དགོས་མཁོ་བསྐང་ཆེད། གུང་ཧོ་རྫོང་གི་སྡོད་ཁུལ་དང་རིག་རྩལ་རུ་ཁག་སོ་སོས་བྲེལ་འཚུབ་ཀྱིས་ཞབས་བྲོ་འཁྲབ་སྦྱོང་བྱས་ནས། རྫོང་ཡོངས་ཀྱི་མང་ཚོགས་ལ་ལོ་སར་སྐབས་ཀྱི་གྱ་ནོམ་པའི་རིག་རྩལ་འཁྲབ་སྟོན་གྲ་སྒྲིག་བྱེད་བཞིན་ཡོད།
རྒྱུས་ལོན་པ་ལྟར་ན། 2019ལོའི་ལོ་སར་རིག་རྩལ་བྱ་འགུལ་རྫོང་ཡོངས་ཀྱི་སྡོད་ཁུལ་དང་རིག་རྩལ་རུ་ཁག་སོ་སོའི་གནས་ཚུལ་དང་འབྲེལ་ནས། སྡོད་ཁུལ8དང་རིག་རྩལ་རུ་ཁག11གི་ཁྲོད་ལོ30གཡས་གཡོན་གྱི་འཁྲབ་སྟོན་པ400ལྷག་བདམས་ཏེ། ཟླ་འདིའི་ཚེས6ནས་མགོ་བརྩམས་ཏེ་རྫོང་རིག་གནས་ཁང་གི་ཆེད་ལས་དགེ་རྒན་གདན་འདྲེན་བྱས་ནས། གུང་ཧོ་རྫོང་གི་མི་རིགས་དང་དེང་རབས་ཀྱི་ཁྱད་ཆོས་ཟུང་དུ་འབྲེལ་ནས་ཞབས་བྲོ་འཁྲབ་སྦྱོང་བྱེད་པའི་བྱ་བའི་མགོ་བརྩམས་པ་རེད།
འབྲེལ་ཡོད་འོས་སྦྱོར།