ཉི་མའི་རོལ་ཚོགས་ཀྱི་རྒྱལ་ཡོངས་སྐོར་བསྐྱོད་འཁྲབ་སྟོན་མཇུག་རྫོགས་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-08-18
ཀློག་གྲངས།:
ཉི་མའི་རོལ་ཚོགས་ཀྱི་རྒྱལ་ཡོངས་སྐོར་བསྐྱོད་འཁྲབ་སྟོན་མཇུག་རྫོགས་པ།
ཉི་མའི་རོལ་ཚོགས་ཀྱིས་ཟླ་གཅིག་རིང་ལ་ཧྲང་ཧེ་དང་ཧང་ཀྲིག ཁྲིན་ཏུའུ། ཁྲུང་ཆིན། ཁོན་མིན་བཅས་སུ་སྐོར་བསྐྱོད་འཁྲབ་སྟོན་བྱས་ཤིང་། ཟླ8པའི་ཚེས17ཉིན་པེ་ཅིང་དུ་གཞས་གཏོང་ཆེད་ཚོགས་བསྡུས་ཏེ་རྒྱལ་ཡོངས་ཀྱི་སྐོར་བསྐྱོད་འཁྲབ་སྟོན་གྱི་མཇུག་བདེ་བླག་ངང་བསྡུས་པ་རེད། ཉི་མའི་རོལ་ཚོགས་ཀྱིས་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལ་དབྱངས་རྟ་གསར་བ་སྦྱར་ནས་རྒྱལ་ཡོངས་སུ་སྐོར་བསྐྱོད་འཁྲབ་སྟོན་སྤེལ་པར་བརྒྱུད། ཐུན་མོང་མ་ཡིན་པའི་བོད་ཀྱི་གླུ་གཞས་ཀྱི་གདངས་དབྱངས་སྙན་མོ་དེ་ཡུལ་ལུང་དེ་དག་ཏུ་ཁྱབ་པར་བྱས་ལ། ཁོང་ཚོའི་གླུ་གཞས་ལ་གཞས་མོས་པ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་དང་ཐོབ་བཞིན་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།