logo

མགོ་ལོག་ཁུལ་གཏོགས་ལས་ཁུངས་ཀྱི་ལས་སྒྲུབ་པའི་ལུས་རྩལ་འགྲན་ཚོགས་སྤེལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-17 ཀློག་གྲངས།:


མགོ་རྩོམ་མཛད་སྒོ།

        ཟླ8པའི་ཚེས8ཉིན། མགོ་ལོག་ཁུལ་གྱིས་ཁུལ་གཏོགས་ལས་ཁུངས་ཀྱི་ལས་སྒྲུབ་པའི་ལུས་རྩལ་འགྲན་ཚོགས་དང་གེ་སར་གླུ་གར་འཁྲབ་སྟོན་བྱ་འགུལ་དེ་མགོ་ལོིག་ཁུལ་མི་རིགས་མཐོ་འབྲིང་སློབ་གྲྭའི་ལུས་རྩལ་ར་བར་སྤེལ་ཞིང་། འབྲེལ་ཡོད་འགོ་ཁྲོད་དག་མགོ་རྩོམ་མཛད་སྒོར་ཞུགས་པ་དང་།  ཁུལ་གཏོགས་ལས་ཁུངས་དང་ཁུལ་སྡོད་ཞིང་ཆེན་ལས་ཁུངས་སོ་སོ། དེ་མིན་རྫོང་དྲུག་སོགས་ལས་གྲུབ་པའི་བྲོ་གར་རུ་ཁག་སོགས་རུ་ཁག20དང་། ལུས་རྩལ་པ་དང་འཁྲབ་སྟོན་པ1000ལྷག་བཅས་ཐེངས་འདིའི་བྱ་འགུལ་དུ་ཞུགས།


ཁག་གསུམ་དུ་གྲུབ་པའི་མི་གཉིས་རྐང་གཤིབ་འགྲན་བསྡུར།

        ཐེངས་འདིའི་བྱ་འགུལ་ནི་དུས་ཡུན་ཉིན11ལ་སྤེལ་བ་ཡིན་ཞིང་། འདིར་སྡོམ་པས་ལེ་ཚན་ཆེ་བ6སྟེ། ཐག་འཐེན་འགྲན་བསྡུར་དང་། པིང་པོང་པོ་ལོ་འགྲན་བསྡུར། སླེ་གྲུག་འགྲན་བསྡུར། མང་ཚོགས་སྤྲོ་བསྐྱེད་ལུས་རྩལ་རྣམ་གྲངས(རྣམ་གྲངས10)།  མི་རིགས་སྲོལ་རྒྱུན་མདའ་རྩེད། སྐྱེས་པའི་རྐང་གྲུག་འགྲན་བསྡུར་སོགས་དུ་མ་མཆིས། དེ་ཡང་ཛ་དྲག་གི་འགྲན་བསྡུར་བརྒྱུད། ཉེན་སྟོག་མགོ་ལོག་ཡན་ལག་རུ་ཁག་གིས་སླེ་གྲུག་འགྲན་བསྡུར་གྱི་ཨང་དང་པོ་དང་། ཞིང་ཕྱུགས་ལས་ཁུངས་ཁག་གིས་ཐག་འཐེན་འགྲན་བསྡུར་གྱི་ཨང་དང་པོ། དེ་མིན་ལུས་རྩལ་པ10ལ་མི་སྒེར་གྱི་ལུས་རྩལ་ཀུན་སྤྱོད་གཟེངས་རྣམ་བྱ་དགའ་བཅས་ཐོབ།

མགོ་ལོག་ཁུལ་གཏོགས་ལས་ཁུངས་ཀྱི་ལས་སྒྲུབ་པའི་ལུས་རྩལ་འགྲན་ཚོགས་སྤེལ།
སླེ་གྲུག་འགྲན་བསྡུར་བྱེད་བཞིན་པ།

        ཟླ8པའི་ཚེས8ནས་ཚེས9ཉིན་གྱི་དགོང་མོ། མགོ་ལོག་ཁུལ་གྱི་རྫོང་དྲུག་གི་རིག་རྩལ་འཐུས་ཚབ་རུ་ཁག་གིས་ཁུལ་གེ་སར་བརྙན་ཟློས་ཁང་དུ་རིག་རྩལ་འཁྲབ་སྟོན་བྱས་ཤིང་། འཁྲབ་སྟོན་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་མང་ཡིན་པས། རྒྱ་ཆེའི་ལས་སྒྲུབ་མང་ཚོགས་ལ་གྱ་ནོམ་པའི་རིག་གནས་སྤྲོ་སྟོན་ཞིག་བཤམས་པ་རེད།


འབྲེལ་ཡོད་འོས་སྦྱོར།