《ཇོ་མོ་གླང་མའི་གཟི་ཉམས》ཞེས་པའི་ཡུལ་སྐོར་དྲིལ་སྒྲོག་ཆེད་བསྒྲིགས་འགྲེམ་སྤེལ་བྱས།
ཉེ་ལམ། གཞིས་ཀ་རྩེའི་ཡུལ་སྐོར་དྲིལ་སྒྲོག་ཆེད་བསྒྲིགས《ཇོ་མོ་གླང་མའི་གཟི་ཉམས》ཞེས་པའི་ཐོག་མའི་འགྲེམ་སྤེལ་གྱི་མཛད་སྒོ་དེ་ལྷ་སར་སྤེལ།
རྒྱུས་ལོན་པ་ལྟར་ན། 《ཇོ་མོ་གླང་མའི་གཟི་ཉམས》ཞེས་པའི་ཆེད་བསྒྲིགས་འདི་ནི་སྐྱེས་སྟོབས་འབར་བའི་སྒྱུ་རྩལ་པ་ཚེ་རིང་པ་སངས་དང་ཀྲའོ་ཞོ་ཅུན་སོགས་ཀྱིས་སྒྲིག་བཟོ་གནང་བ་དང་། ཆེད་བསྒྲིགས་འདིར《ཇོ་མོ་གླང་མའི་གཟི་ཉམས》དང《ས་སྐྱའི་ལམ་དུ》ཞེས་པ་སོགས་སྡོམ་པས་གླུ་གཞས15འདུས་ལ། དེ་ཡང་མིང་དུ་གྲགས་པའི་བོད་རིགས་གླུ་མ་དབྱངས་ཅན་ལྷ་མཛེས་དང་གླུ་བ་ཡར་དུང་། ནང་ལོག་གི་གླུ་བ་སུང་ནན། དེ་མིན་གཞིས་ཀ་རྩེ་ས་ཁུལ་གྱི་ཚེ་བརྟན་སྒྲོལ་དཀར་སོགས་ས་གནས་ཀྱི་གླུ་མ་བཅས་ཀྱིས་བོད་ལྗོངས་ཡུལ་སྐོར་དྲིལ་སྒྲོག་དང་གཞིས་ཀ་རྩེ་ས་ཁུལ་གྱི་ཕྱི་ཕྱོགས་སྣང་བརྙན་ལེགས་པོ་བསྐྲུན་པར། ཟླ8པའི་ཚེས26ནས་ཚེས28བར་སྤེལ་བའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་གཅིག་པའི་དུས་དང་བསྟུན་ནས་ཡུལ་སྐོར་དྲིལ་སྒྲོག་གི་གླུ་གཞས་སྤྲོ་ཚོགས་ཤིག་བསྡུ་རྒྱུ་ཡིན་པ་རེད།