logo

སྐབས་བདུན་པའི་གེ་སར་རྟ་རྒྱུག་འགྲན་ཚོགས་དེ་རྨ་ཆུ་རུ་འགོ་བརྩམས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-15 ཀློག་གྲངས།:

第七届格萨尔赛马节在玛曲开幕
སྐབས་བདུན་པའི་གེ་སར་རྟ་རྒྱུག་འགྲན་ཚོགས་དེ་རྨ་ཆུ་རུ་འགོ་བརྩམས་པ།

  ཟླ8པའི་ཚེས13ཉིན། སྐབས་བདུན་པའི་གེ་སར་རྟ་རྒྱུག་འགྲན་ཚོགས་དེ་ཀན་ལྷོའི་རྨ་ཆུ་རུ་འགོ་བརྩམས་ཤིང་། མཚོ་སྔོན་དང་ཀན་སུའུ། སི་ཁྲོན། ཞིན་ཅང་། ཀྲེ་ཅང་བཅས་ཞིང་ཆེན་ལྔ་ནས་ཡོང་བའི་འགྲན་ཞུགས་རུ་ཁག32དེ་ཚན་ཆུང་དུ་མར་བགོས་ནས་སྨི5000དང་། སྨི2000། སྨི10000བཅས་ཀྱི་འགྲན་སྡུར་དུ་ཞུགས་པ་རེད།
  རྨ་ཆུའི་གེ་སར་རྟ་རྒྱུག་འགྲན་ཚོགས་དེ་ད་ལྟ་ནུབ་རྒྱུད་ས་ཁུལ་གྱི་གཞི་རྒྱ་ཆེས་ཆེ་བ་དང་། འགྲན་ཞུགས་རུ་ཁག་ཆེས་མང་བ། བྱ་དགའི་དངུལ་ཆེས་མཐོ་བའི་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཤིག་ཏུ་གྱུར་འདུག  ཐེངས་འདིའི་རྟ་རྒྱུག་འགྲན་ཚོགས་སྟེང་རྡུང་ལེན་འཁྲབ་སྟོན་དང་སྐོར་བྲོ་འཁྲབ་སྟོན། རྟ་ཐོག་སྤོ་ལོའི་འགྲན་སྡུར་སོགས་རྨ་ཆུའི་ཁྱད་ཆོས་དོད་པོ་ལྡན་པའི་རིག་རྩལ་འཁྲབ་སྟོན་དང་ལུས་རྩལ་འགྲན་སྡུར་སྤེལ་པར་མ་ཟད། ནོར་གནག་དང་། བོད་ལུག འབྲོག་ཁྱི་སོགས་ཀྱི་དཔྱད་སྡུར་འགྲེམ་སྟོན་བསྡུས་པ་རེད།


རྟ་ཐོག་ནས་ཁ་བཏགས་འཐུ་བཞིན་པ།

མང་ཚོགས་ཀྱིས་སྐོར་བྲོ་འཁྲབ་བཞིན་པ།


འབྲེལ་ཡོད་འོས་སྦྱོར།