logo

མཚོ་ལྷོའི་ཁུལ་དཔོན་བསོད་ནམས་དོན་གྲུབ་སོགས་ཀྱིས་ཁུལ་སྟོན་གྱི་རིག་རྩལ་འཁྲབ་སྦྱོང་བྱ་བར་མཛུབ་སྟོན་གནང་།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-14 ཀློག་གྲངས།:


མཚོ་ལྷོའི་ཁུལ་དཔོན་བསོད་ནམས་དོན་གྲུབ་སོགས་ཀྱིས་ཁུལ་སྟོན་གྱི་རིག་རྩལ་འཁྲབ་སྦྱོང་བྱ་བར་ཞིབ་བཤེར་མཛུབ་སྟོན་གནང་བ།
索南东智州长一行检查指导州庆文艺筹备工作
མཚོ་ལྷོའི་ཁུལ་སྟོན་གྱི་རིག་རྩལ་འཁྲབ་སྦྱོང་བྱ་བ་བདེ་བླག་ངང་སྤེལ་བཞིན་པ།

  ཉེ་ཆར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར60ལོན་པར་བསུ་བའི་རིག་རྩལ་འཁྲབ་སྦྱོང་བྱ་འགུལ་སྣ་ཚོགས་བདེ་བླག་ངང་སྤེལ་ཆེད། མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་བསོད་ནམས་དོན་གྲུབ་དང་ཁུལ་རིག་གནས་ཅུའི་ཅུའུ་ཀྲང་ཚེ་རིང་ཐར་སོགས་ཀྱིས་ཁུལ་སྟོན་གྱི་རིག་རྩལ་འཁྲབ་ཚན་འཁྲབ་སྦྱོང་བྱེད་པའི་ཡུལ་དངོས་སུ་ཕྱིན་ནས་ཞིབ་བཤེར་མཛུབ་སྟོན་དང་བཀོད་སྒྲིག་གནང་བ་རེད།
  ཁུལ་དཔོན་བསོད་ནམས་དོན་གྲུབ་འཁོར་དང་བཅས་པས་མཚོ་ལྷོའི་རྫོང་སོ་སོས་ཁུལ་སྟོན་ལ་གྲ་སྒྲིག་བྱེད་པའི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་རྗེས་བསྟན་དོན། ཁུལ་སྟོན་ཐོན་ལ་ཉེ་བའི་ཉིན་འདི་གར། རིག་རྩལ་འཁྲབ་སྟོན་གྱི་འཁྲབ་སྟོན་པ་དང་འབྲེལ་ཡོད་ལས་བྱེད་མི་སྣ་ཡོངས་ཀྱིས་ཧུར་བརྩོན་ཆེན་པོས་གྲ་སྒྲིག་ཚགས་དམ་པ་བྱས་ནས་ལོ་འཁོར60ཡི་ཁུལ་སྟོན་རྒྱལ་ཁའི་ངང་བསྡུ་བ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་སྤྱན་ལམ་དུ་མཆོག་ཏུ་གྱུར་བའི་ལྟད་མོ་ཞིག་འབུལ་རྒྱུའི་རེ་བ་བཏོན་པ་རེད།


འབྲེལ་ཡོད་འོས་སྦྱོར།