logo

རྨ་སྟོད་རྫོང་གི་རྐང་གྲུག་རུ་ཁག་དང་མཚོ་ལྷོའི་བློན་པོ་གསེར་ཆེན་རུ་ཁག་གཉིས་རྐང་གྲུག་འགྲན་བསྡུར་སྤེལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-13 ཀློག་གྲངས།:


རྨ་སྟོད་རྫོང་གི་རྐང་གྲུག་རུ་ཁག་དང་མཚོ་ལྷོའི་བློན་པོ་གསེར་ཆེན་རུ་ཁག་གཉིས་རྐང་གྲུག་འགྲན་བསྡུར་སྤེལ།

        ཟླ8པའི་ཚེས7ཉིན། མགོ་ལོག་ཁུལ་རྨ་སྟོད་རྫོང་གི་རྐང་གྲུག་རུ་ཁག་མི15དང་མཚོ་ལྷོའི་བློན་པོ་གསེར་ཆེན་རྐང་གྲུག་རུ་ཁག་གཉིས་ཀྱི་འབྲེལ་འདྲིས་འགྲན་བསྡུར་བྱ་འགུལ་མཚོ་ལྷོ་ཁུལ་དུ་སྤེལ།

རྨ་སྟོད་རྫོང་གི་རྐང་གྲུག་རུ་ཁག་དང་མཚོ་ལྷོའི་བློན་པོ་གསེར་ཆེན་རུ་ཁག་གཉིས་རྐང་གྲུག་འགྲན་བསྡུར་སྤེལ།
རྐང་གྲུག་འགྲན་བསྡུར་མགོ་བརྩམས་པ།

        སྔ་དྲོའི་ཆུ་ཚོད12སྟེང་། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་ལུས་རྩལ་ར་བ་རུ་ཕྱོགས་གཉི་ཀས“འབྲེལ་འདྲིས་སྔོན་སྐུལ་དང་། ནུས་རྩལ་བརྗེ་རེས”རྩ་དོན་དུ་བཟུང་སྟེ་ཛ་དྲག་ལྡན་པའི་རྐང་གྲུག་འགྲན་བསྡུར་བྱས་ཏེ་མཐར5:2ཀྱི་བསྡུར་ཚད་ལས་འགྲན་བསྡུར་མཇུག་སྒྲིལ།


འགྲན་བསྡུར་བྱེད་བཞིན་པའི་ཚུལ།

        རྨ་སྟོད་རྫོང་གི་རྐང་གྲུག་འགྲན་བསྡུར་རུ་ཁག་གི་སྣེ་ཁྲིད་པ་སྐལ་ལྡན་གྱིས་བཤད་རྒྱུར། མགོ་ལོག་ཁུལ་གྱི་གེ་སར་བུམ་པའི་རྐང་གྲུག་འགྲན་བསྡུར་བྱེད་ལ་ཉེ་ཞིང་། ཐེངས་འདིར་མཚོ་ལྷོར་ཡོང་ནས་བློན་པོ་གསེར་ཆེན་རྐང་གྲུག་རུ་ཁག་དང་ཚ་ཛ་འུར་འུར་གྱི་འགྲན་བསྡུར་བརྒྱུད་དེ་ང་ཚོར་ཕན་འབྲས་ལེགས་པོ་ཐོབ་པ་མ་ཟད། ཕན་ཚུན་དབར་གྱི་མཛའ་བརྩེའང་སྔར་ལས་ཇེ་ཟབ་ཏུ་སོང་། རྗེས་ཕྱོགས་ཀྱང་ས་ཁུལ་གཉིས་ཀྱི་དབར་ལ་རྐང་གྲུག་འབྲེལ་འདྲིས་ཀྱི་གོ་སྐབས་སྔར་ལས་མང་པོ་ཡོད་པར་སྨོན་པ་དང་། ལྷག་བསམ་འཁོལ་བའི་ངང་བློན་པོ་གསེར་ཆེན་རྐང་གྲུག་རུ་ཁག་ཀྱང་མགོ་ལོག་ཁུལ་དུ་སྤེལ་རྒྱུ་ཡིན་པའི་གེ་སར་བུམ་པའི་རྐང་གྲུག་འགྲན་བསྡུར་དུ་ཞུགས་པར་གདན་ཞུ་བྱས།


འབྲེལ་ཡོད་འོས་སྦྱོར།