སྐབས་ལྔ་བའི་ཞོ་སྟོན་གྱི་སྐར་མ་འོད་ཆེན་ཞེས་པའི་གླུ་བའི་འགྲན་སྡུར་མཇུག་རྫོགས་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-08-10
ཀློག་གྲངས།:

སྐབས་ལྔ་བའི་ཞོ་སྟོན་གྱི་སྐར་མ་འོད་ཆེན་ཞེས་པའི་གླུ་བའི་འགྲན་སྡུར་སྟེང་བྱ་དགའ་ཨང་དང་པོ་ཐོབ་མཁན་གྱི་གླུ་མ་ཆོས་འཛོམས།
སྐབས་ལྔ་བའི་ཞོ་སྟོན་གྱི་སྐར་མ་འོད་ཆེན་ཞེས་པའི་གླུ་བའི་འགྲན་སྡུར་མཇུག་རྫོགས་པ།
ཟླ8པའི་ཚེས4ཉིན། སྐབས་ལྔ་བའི་ཞོ་སྟོན་གྱི་སྐར་མ་འོད་ཆེན་ཞེས་པའི་གླུ་བའི་འགྲན་སྡུར་དེ་ལྷ་ས་རུ་བསྡུས་ཤིང་། ཡུལ་ལུང་སོ་སོ་ནས་ཡོང་བའི་གླུ་བ་གླུ་མ15ཡིས་ཚ་ཚ་འུར་འུར་གྱིས་འགྲན་སྡུར་བྱས་པར་བརྒྱུད་མཐར་ཆོས་འཛོམས་དང་བཀྲ་ཤིས་གཡང་འཛོམས་སོགས་བོད་ཀྱི་གླུ་བ་དང་གླུ་མ་གསུམ་ལ་བྱ་དགའ་ཨང་དང་པོ་ཐོབ་པ་རེད།
སྐབས་ལྔ་བའི་ཞོ་སྟོན་གྱི་སྐར་མ་འོད་ཆེན་ཞེས་པའི་གླུ་བའི་འགྲན་སྡུར་བརྒྱུད་ནས་མི་རིགས་ཀྱི་གླུ་གཞས་ཁྱབ་བསྒྲགས་དང་མི་རིགས་ཀྱི་གླུ་གཞས་རྒྱུན་འཛིན་བྱེད་པར་དགེ་མཚན་མི་དམན་པ་ཐོན་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།
