བོད་ཡིག་ཡིག་གཟུགས་ཤོག་དྲིལ་རིང་མོར་ཇི་ཉི་སིའི་འཛམ་གླིང་ཟིན་ཐོའི་དཔང་ཡིག་ཐོབ་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-08-09
ཀློག་གྲངས།:
བོད་ཡིག་ཡིག་གཟུགས་ཤོག་དྲིལ་རིང་མོར་ཇི་ཉི་སིའི་འཛམ་གླིང་ཟིན་ཐོའི་དཔང་ཡིག་ཐོབ་པ།
ཉེ་ཆར། བོད་ལྗོངས་ཀྱི་རྡོར་ལུགས་ཐང་གའི་སྲོལ་འབྱེད་མཁན་གཉན་ཤུལ་རྡོ་རྗེ་དོན་གྲུབ་ལགས་དང་ཡིག་མཁན་དགེ་མང་འཇམ་དཔལ་ལགས་གཉིས་ཀྱིས་བསྒྲིགས་པའི་བོད་ཡིག་ཡིག་གཟུགས་སྣ177གྱིས་གྲུབ་པ་དང་རིང་ཚད་ལ་སྨི206ཡོད་པའི་བོད་ཡིག་ཡིག་གཟུགས་ཤོག་དྲིལ་རིང་མོ་དེར་ཇི་ཉི་སིའི་འཛམ་གླིང་ཟིན་ཐོའི་དཔང་ཡིག་ཐོབ་ཅིང་། དེ་ནི་འཛམ་གླིང་སྟེང་ཡིག་གཟུགས་ཀྱི་རིགས་ཆེས་མང་བ་དང་རིང་ཚད་ཆེས་རིང་བའི་བོད་ཡིག་ཡིག་གཟུགས་ཤོག་དྲིལ་རིང་མོ་ཡིན་པ་རེད།
བོད་ཡིག་ཡིག་གཟུགས་ཤོག་དྲིལ་རིང་མོ་དེ་ད་ལོའི་ཟླ5པར་བསྡུས་པའི་ཐེངས་དང་པོའི་ཀརྨ་བི་ཤྭའི་བུམ་པའི་བོད་ཀྱི་ཕུལ་བྱུང་རི་མོའི་བཤམས་སྟོན་སྟེང་བྱ་དགའ་ཨང་དང་པོ་ཐོབ་མྱོང་བ་རེད།
འབྲེལ་ཡོད་འོས་སྦྱོར།