logo

མཚོ་ལྷོ་ཁུལ་བོད་ཀྱི་རིག་གནས་ཐོན་ལས་གསར་སྤེལ་གླིང་གི་སྒོ་འབྱེད་མཛད་སྒོ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-08 ཀློག་གྲངས།:


བླ་མ་དང་དགེ་འདུན་པ་རྣམས་ཀྱིས་ཐང་ཆེན་དུ་རབ་གནས་མཛད་པའི་ཆོ་ག་སྤེལ་བ།

  ཟླ8པའི་ཚེས7ཉིན། མཚོ་ལྷོ་ཁུལ་བོད་ཀྱི་རིག་གནས་ཐོན་ལས་གསར་སྤེལ་གླིང་གི་སྒོ་འབྱེད་མཛད་སྒོ་དེ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་ཤམ་བྷ་ལའི་ཐང་ཆེན་དུ་གཟབ་རྒྱས་ངང་བསྡུས་ཤིང་། མཚོ་ལྷོ་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་རྣམས་མཛད་སྒོའི་སྟེང་ཞུགས་ཏེ་སྒོ་འབྱེད་དར་ཚོན་བཅད་དེ་དངོས་སུ་སྒོ་ཕྱེས་པ་རེད།
  མཛད་སྒོའི་མཚོ་ལྷོའི་ཁུལ་ཁོངས་ཀྱི་གསེར་ལག་དགོན་པའི་སྐུ་ཕྱོགས་རྒྱ་བཟའ་ཚང་དང་། ཏིང་ཀྱཱ་དགོན་པའི་སྐུ་ཕྱོགས་ཏིང་ཀྱཱ་ཚང་། མཐའ་ཤུལ་དགོན་པའི་སྐུ་ཕྱོགས་སོ་མ་ཚང་། འཁྱམ་རུ་དགོན་པའི་སྐུ་ཕྱོགས་སྲུས་ནག་ཚང་། དེ་མིན་བླ་བྲང་དགོན་པའི་རྡོ་རམས་པ་ཚང་སོགས་སྐྱེས་ཆེན་དམ་པ་བཅུ་དང་། མཚོ་ལྷོའི་བདེ་སྐྱིད་ཐང་དགོན་པའི་དགེ་འདུན་པ་སུམ་ཅུ་གདན་འདྲེན་ཞུས་ནས་མཚོ་ལྷོ་བོད་ཀྱི་རིག་གནས་ཐོན་ལས་གསར་སྤེལ་གླིང་གི་ཤམ་བྷ་ལའི་ཐང་ཆེན་ལེགས་འགྲུབ་བྱུང་བའི་རྟེན་འབྲེལ་མཛད་སྒོ་དང་། ཐང་ཆེན་དུ་བཞེངས་པའི་མ་ཎི་འཁོར་ལོ108དང་། མ་ཎི་ཁང་དུ་བཞེངས་པའི་ཛམ་བྷ་ལའི་ལྷ་སྐུ་ལ་རབ་གནས་མཛད་པ་རེད།

海南州藏文化产业创意园在恰卜恰镇隆重开园
གླུ་བ་བཀྲ་ཤིས་ཉི་མས་སྙན་གླུ་འབུལ་བཞིན་པ།
སྒོ་འབྱེད་མཛད་སྒོའི་སྟེང་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

  རབ་གནས་བྱེད་པའི་མཛད་སྒོ་མཇུག་སྒྲིལ་རྗེས། རིགས་སོ་སོའི་གླུ་བ་གླུ་མ་དང་གར་པ་རྣམས་ཀྱིས་ཡུལ་དེའི་མི་དམངས་མང་ཚོགས་ཀྱི་མཐོང་ལམ་དུ་མིག་གི་དགའ་སྟོན་ཕུན་སུམ་ཚོགས་པ་ཕུལ་ཞིང་། སྙན་མོ་གླུ་ཡི་འགྱུར་ཁུག་དང་མཉེན་ལྕུག་གར་གྱི་སྟངས་སྟབས་ཁྲོད་མཚོ་ལྷོའི་བོད་ཀྱི་རིག་གནས་ཐོན་ལས་འདོན་སྤེལ་གླིང་གི་སྒོ་འབྱེད་པའི་མཛད་སྒོ་ཡོངས་སུ་མཇུག་སྒྲིལ་བ་རེད།


འབྲེལ་ཡོད་འོས་སྦྱོར།