སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ།
                    རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
                    ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
                    དུས་ཚོད།:2013-08-04
                    ཀློག་གྲངས།:
                        
                    
                
                                
                
                            ཉེ་ལམ། འདམ་ར་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་ཁྲིམས་འགལ་གྱིས་རི་སྐྱེས་སྲོག་ཆགས་གསོད་པ་དང་འདམ་རར་གཏོར་བརླག་སོགས་མི་ཐེབས་པ་དང་། མི་དང་རང་བྱུང་ཁམས་ཀྱི་བར་འཆམ་མཐུན་མཉམ་གནས་དང་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ལ་སྐུལ་སྤེལ་ཤུགས་སྣོན་བྱ་ཆེད། བོད་ལྗོངས་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ནགས་ལས་ཅུས་སྒོར29000ལྷག་བཏོན་ནས་ཡུལ་ཚོ4དང་གྲོང་རྡལ1། སྡེ་བ21བཅས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་མི་སྣ་དང་འདམ་ར་སྲུང་སྐྱོང་མི་སྣརྫོང་ཏང་ཨུའི་སློབ་གྲྭར་འཛོམས་ཏེ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་འདམ་ར་སྲུང་སྐྱོང་བྱེད་པའི་ཤེས་བྱ་སློབ་སྦྱོང་བྱས་པ་རེད།                        
												
                                            
                འབྲེལ་ཡོད་འོས་སྦྱོར།
                
            
        
            
                
            