logo

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་བོད་ཡིག་དྲ་བའི་པར་གཞི་གསར་པ་གཏོང་འགོ་བརྩམས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-02 ཀློག་གྲངས།:

青海省政府藏文网经过全新改版近日正式上线
མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་བོད་ཡིག་དྲ་བའི་པར་གཞི་གསར་པ་གཏོང་འགོ་བརྩམས་པ།

  ཉེ་སྔོན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་བོད་ཡིག་དྲ་བའི་པར་གཞི་གསར་དུ་བསྒྱུར་ནས་དངོས་སུ་ཤར་གཏོང་བྱས་ཤིང་། དེས་གཙོ་བོ་སྲིད་དོན་ཆ་འཕྲིན་དང་དམངས་བདེའི་ཞབས་ཞུ། འཚོ་བའི་རྒྱུན་ཤེས་སོགས་ཀྱི་ལེ་ཚན་ཇེ་ལེགས་སུ་བཏང་བས། ཞིང་ཆེན་སྲིད་གཞུང་གིས་སྲིད་ཇུས་ཁྱབ་བསྒྲགས་བྱེད་གནས་དང་བོད་རིགས་དྲ་གྲོགས་རྣམས་ཀྱིས་སྲིད་དོན་ཆ་འཕྲིན་ལ་རྒྱུས་ལོན་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་འདུག
  དྲ་རྒྱའི་པར་གཞི་གསར་བར་སྤྱིའི་ཆ་ནས་འགོ་ཁྲིད་གསར་འགྱུར་དང་། སྲིད་དོན་གསར་འགྱུར། བོད་ཡུལ་དར་སྤེལ། ཞབས་ཞུ་ལྟེ་གནས། མཛེས་པའི་ཕ་ཡུལ་སོགས་རིམ་པ་དང་པོའི་ལེ་ཚན17དང་རིམ་པ་གཉིས་པའི་ལེ་ཚན130ལྷག་བཙུགས་ཡོད།དེའི་ནང་མི་དམངས་ལ་ཞབས་ཞུ་སྒྲུབ་པར་དམིགས་ནས།སྐབས་ཐོག་དངོས་གོང་དང་། སྤ་སེ་ཉོ་ཐབས། ཁྲིམས་འཛིན་རོགས་སྐྱོར། སྨན་ཁང་འདྲི་རྟོག སྤྱི་ཚོགས་འགན་སྲུང་། མ་མཐའི་འཚོ་བའི་འགན་སྲུང་། དམིགས་བསལ་སྲིད་ཇུས། གནམ་གཤིས་སྔོན་བརྡ་དང་འགྲིམ་འགྲུལ་སྣ་ཚོགས་ཀྱི་གཏོང་ཐེངས་རེའུ་མིག་སོགས་ཆེད་དུ་བཀོད་ཡོད། གསར་དུ་བསྣན་པའི་འཚོ་བའི་རྒྱུན་ཤེས་ལེ་ཚན་ནང་སྨན་བཅོས་ཤེས་བྱ་དང་ཞིང་ཕྱུགས་ལས་ཤེས་བྱ། བོད་ཡིག་ཤེས་བྱ་སོགས་འདུས་པའི་ཁར། རྒྱལ་ཁབ་དང་མཚོ་སྔོན། བོད་ལྗོངས་བཅས་ཀྱི་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་བོད་ཡིག་བརྡ་ཆད་གསར་བ་དུས་ཐོག་ཏུ་དྲ་ཐོག་ནས་ཁྱབ་བསྒྲགས་བྱ་རྒྱུ་རེད། དེར་མ་ཟད་དམངས་ཀྱི་འདོད་བློ་བརྗོད་ཐབས་མུ་མཐུད་དུ་རྒྱ་བསྐྱེད་ནས་སྲིད་གཞུང་གི་གློག་རྡུལ་ཡིག་ཟམ་སྟེ tibeta@qh.gov.cn བཞག་ནས་བོད་རིགས་མང་ཚོགས་ཀྱིས་བོད་ཡིག་གི་ལམ་ནས་སྐད་འཇོག་པར་སྟབས་བདེ་བསྐྲུན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།