logo

བོད་ལྗོངས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་གནས་འཕོས་དང་འཕེལ་ཁ་རྒྱས་པར་སྲུང་སྐྱོབ་བྱེད་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-01 ཀློག་གྲངས།:

西藏日喀则地区拍摄到的国家一级保护动物黑颈鹤
རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་བྱ་ཡུལ་དུ་གྱུར་པའི་ཁྲུང་ཁྲུང་སྐེ་ནག

  རྒྱུས་ལོན་པ་ལྟར་ན་ད་ལྟ་ནི་བོད་ལྗོངས་སྐམ་ལམ་གྱི་རི་སྐྱེས་སྲོག་ཆགས་འཕེལ་བཞིན་པའི་དུས་ཚིགས་ཤིག་ཡིན་པར་མ་ཟད། རི་སྐྱེས་སྲོག་ཆགས་ཀྱིས་རང་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ཅུང་ཞན་པ་དང་ཚེ་སྲོག་ཅུང་སྙོམ་པའི་གནད་འགག་གི་དུས་ཤིག་ཀྱང་ཡིན་པས། བོད་ལྗོངས་ནགས་ལས་སྡེ་ཁག་གིས་བྱེད་ཐབས་སྣ་ཚོགས་བརྒྱུད་ནས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པ་རེད།
  བོད་ལྗོངས་སུ་སྒལ་ཚིགས་ཅན་གྱི་རི་སྐྱེས་སྲོག་ཆགས་རིགས795ཡོད་ཅིང་། དེའི་རིགས་དང་གྲངས་ཚད་ནི་རྒྱལ་ཡོངས་ཀྱི་ཨང་གསུམ་པར་ཆགས། དེའི་ཁྲོད་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་བོར་སྲུང་སྐྱོབ་བྱེད་བཞིན་པའི་རི་སྐྱེས་སྲོག་ཆགས་ལ་གཙོད་དང་སྤྲེའུ་སྤུ་སེར། གསའ། འབྲོང་། ཁྲུང་ཁྲུང་སྐེ་ནག་སོགས་རིགས45འདུས། བསྡོམས་རྩིས་བྱས་པ་ལྟར་ན་བོད་ལྗོངས་སུ་གཙོད་དང་འབྲོང་གི་གྲངས་ཚད་ཀྱིས་རིགས་གྲངས་ཡོངས་ཀྱི70%ཡན་ཟིན་པ་དང་། དགུན་སྐྱེལ་བའི་ཁྲུང་ཁྲུང་སྐེ་ནག་གི་གྲངས་ཚད་ཀྱིས་རིགས་གྲངས་ཡོངས་ཀྱི80%ཡན་ཟིན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།