logo

བསོད་ནམས་བདེ་སྐྱིད་ཀྱི་གླུ་གཞས་ཆེད་བསྒྲིགས་ཐོག་མའི་གླུ་གྲོགས་ཐུག་འཕྲད་སྤྲོ་ཚོགས་ལྷ་སར་བསྡུས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-31 ཀློག་གྲངས།:

བསོད་ནམས་བདེ་སྐྱིད་ཀྱི་གླུ་གཞས་ཆེད་བསྒྲིགས་ཐོག་མའི་གླུ་གྲོགས་ཐུག་འཕྲད་སྤྲོ་ཚོགས་ལྷ་སར་བསྡུས་པ།

        ཉེ་ལམ། བོད་རིགས་གླུ་མ་བསོད་ནམས་བདེ་སྐྱིད་ཀྱི་གླུ་གཞས་ཆེད་བསྒྲིགས་ཐོག་མའི་གླུ་གྲོགས་ཐུག་འཕྲད་སྤྲོ་ཚོགས་ལྷ་སའི་གཡུང་དྲུང་རྒྱལ་རིག་རྩལ་འཁྲབ་སྟོན་ལྟེ་གནས་སུ་སྤེལ་ཞིང་། སྤྲོ་ཚོགས་སུ་མོས་ཆེད་དུ་གཟིགས་མོ་བ་ལྷན་རྒྱས་ལ་གླུ་གཞས་ཕུལ་ཏེ་ལྷག་བསམ་འཁོལ་བའི་བཀྲ་ཤིས་སྨོན་འདུན་ཞུས།
        རྒྱུས་ལོན་པ་ལྟར་ན། བསོད་ནམས་བདེ་སྐྱིད་ཀྱི་གླུ་གཞས་ཆེད་བསྒྲིགས་ཐོག་མར་གླུ་གཞས15འདུས་ཤིང་། དེ་ལས་གླུ་གཞས4ནི་མ་རྩོམ་དང་། 《ཁ་ཆད》ཅེས་པ་ནི་བསོད་ནམས་བདེ་སྐྱིད་རང་ཉིད་ཀྱིས་ཚིག་དང་དབྱངས་བརྩམས་པ་ཞིག་ཡིན།
        བསོད་ནམས་བདེ་སྐྱིད་ནི1994ལོར་ལྷ་སར་སྐྱེས། མིག་སྔར་ཞི་ཨན་དྲག་པོའི་ཉེན་རྟོག་བཟོ་བཀོད་སློབ་ཆེན་གྱི་དངོས་གཞི་སློབ་རིམ་གཉིས་པ་ཡིན། ཆུང་དུས་ནས་གླུ་གཞས་ལེན་པར་སྤྲོ་བས་སློབ་གྲྭ་རུ་ཡང་གླུ་གཞས་འགྲན་བསྡུར་གང་མང་ལ་ཞུགས་ཤིང་།  སློབ་རའི་ཁུ་བྱུག་ཅེས་པའི་མཚན་སྙན་གསོལ་ཡོད།


འབྲེལ་ཡོད་འོས་སྦྱོར།