བོད་ལྗོངས་ནག་ཆུའི་འཆར་ཅན་རྟ་རྒྱུག་དང་སྒྱུ་རྩལ་གནས་སྐོར་དུས་ཆེན་ཟླ8པར་བསྡུ་རྒྱུ་རེད།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-07-29
ཀློག་གྲངས།:
ལོ་སྔོན་མའི་ནག་ཆུ་འཆར་ཅན་རྟ་རྒྱུག་འགྲན་སྡུར།
རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ནག་ཆུ་ས་ཁུལ་གྱི2013ལོའི་འཆར་ཅན་རྟ་རྒྱུག་དང་སྒྱུ་རྩལ་གནས་སྐོར་དུས་ཆེན་དེ་ཟླ8པའི་ཚེས10ཉིན་ནས་ཚེས14ཉིན་བར་དུ་ནག་ཆུ་གྲོང་རྡལ་དུ་བསྡུ་རྒྱུ་རེད།
ལོ་རེར་ཐེངས་གཅིག་ལ་སྤེལ་བཞིན་པའི་ནག་ཆུའི་བྱང་ཐང་འཆར་ཅན་རྟ་རྒྱུག་དང་སྒྱུ་རྩལ་གནས་སྐོར་དུས་ཆེན་ནི་བྱང་ཐང་གི་བོད་དམངས་ཀྱི་ཆབ་སྲིད་དཔལ་འབྱོར་དང་རིག་གནས་གནས་སྐོར། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་བདག་ཉིད་གཅིག་པའི་རྩྭ་ཐང་གི་སྤྲོ་ཚོགས་ཤིག་ཡིན་ཞིང་། ད་ལོའི་འཆར་ཅན་རྟ་རྒྱུག་དང་སྒྱུ་རྩལ་གནས་སྐོར་དུས་ཆེན་སྟེང《ཡིད་དུ་འོང་བའི་བྱང་ཐང》ཞེས་པའི་རིག་རྩལ་འཁྲབ་སྟོན་ཆེན་མོ་དང་། སྲོལ་རྒྱུན་གྱི་རྟ་རྩལ་འཁྲབ་སྟོན། ཚོང་ཟོང་བརྗེ་རེས་དང་གནས་སྐོར་བྱ་འགུལ་སོགས་བྱ་འགུལ་མང་པོ་འདུས་པ་རེད།
འབྲེལ་ཡོད་འོས་སྦྱོར།