logo

བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་ཞོ་སྟོན་དུས་སུ་བོད་ཀྱི་ཞལ་འབག་སྒྱུ་རྩལ་འགྲེམ་སྟོན་སྤེལ་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-29 ཀློག་གྲངས།:


བོད་ཀྱི་ཞལ་འབག
多姿多彩的西藏面具
བོད་ཀྱི་ཞལ་འབག་སྣ་ཚོགས།

  རྒྱུས་ལོན་པ་ལྟར་ན། བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་ཞོ་སྟོན་གྱི་སྐབས་སུ་བོད་ཀྱི་ཞལ་འབག་སྒྱུ་རྩལ་འགྲེམ་སྟོན་སྤེལ་རྒྱུ་རེད། ད་ལོའི་ཟླ4པ་ནས་བཟུང་། བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་ལས་བྱེད་མི་སྣ་རྣམས་ལྷོ་ཁ་དང་། གཞིས་ཀ་རྩེ། ལྷ་སའི་ཉེ་འདབ་ཀྱི་རྫོང་སོགས་སུ་ཕྱིན་ནས་ཞལ་འབག་ཉོ་བསྡུ་དང་སྒྲིག་བཟོ་བྱས།
  ཐེངས་འདིའི་འགྲེམ་སྟོན་སྟེང་འཆམ་འཁྲབ་པའི་སྐབས་ཀྱི་ཞལ་འབག་དང་། ལྡེབས་ངོས་སུ་འགེལ་བའི་ཞལ་འབག  ཟློས་གར་འཁྲབ་སྟོན་སྐབས་ཀྱི་ཞལ་འབག  དམངས་ཁྲོད་ཀྱི་ཞལ་འབག་བཅས་རིགས་བཞི་རུ་བཀར་ནས། ལྗོངས་ཡོངས་ཀྱི་བོད་ཀྱི་ཞལ་འབག160ལྷག་གཅིག་བསྡུས་ཀྱིས་འགྲེམ་རྒྱུ་ཡིན་པར་མ་ཟད། འགྲེམ་སྟོན་གྱི་ཡུལ་དངོས་སུ་ཞལ་འབག་སྒྲིག་བཟོ་བྱ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།