མཚོ་སྔོན་པོའི་ལྷོ་འགྲམ་དུ་མཚོ་གཏེར་འབུལ་བའི་ཆོ་ག་སྤེལ་བ།

མཚོ་སྔོན་པོའི་ལྷོ་འགྲམ་དུ་མཚོ་གཏེར་འབུལ་བའི་ཆོ་ག་སྤེལ་བ། 
《དག་པའི་ཞིང་གི་མཚོ་སྔོན་པོ》ཞེས་པའི་གར་སྟེགས་ཟློས་གར་ཐོག་མར་འཁྲབ་སྟོན་བྱེད་བཞིན་པ།
ཟླ7པའི་ཚེས22ཉིན། མཚོ་སྔོན་པོའི་ལྷོ་འགྲམ་གྱི་མང་ཚོགས་རྣམས་ཀྱིས་གླང་ཆེན་མཆེ་བ་རུ་མཚོ་གཏེར་འབུལ་བའི་མཛད་སྒོ་སྔར་སྲོལ་ལྟར་སྤེལ་ནས། ཡུལ་ཁམས་བདེ་ཞིང་ཕྱུགས་ལ་གོད་ཀ་མེད་པ་དང་ལོ་ལེགས་འབྱུང་བའི་སྨོན་ལམ་བཏབ། དེར་མ་ཟད་མཚོ་སྔོན་པོའི་མཛེས་ལྗོངས་སུ་སྒྲིག་འཁྲབ་བྱས་པའི《དག་པའི་ཞིང་གི་མཚོ་སྔོན་པོ》ཞེས་པའི་མཚོ་གཏེར་འབུལ་བའི་རིག་གནས་བརྗོད་གཞིར་བྱས་པའི་གར་སྟེགས་ཟློས་གར་ཐོག་མར་འཁྲབ་སྟོན་བྱས་པས། རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་རྣམས་ཀྱིས་མཚོ་སྔོན་པོའི་མཛེས་ལྗོངས་ལ་ཅི་དགར་རོལ་ཐུབ་པའི་ཁར། འགྲོ་བ་མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཏེ་མཚོ་གཏེར་འབུལ་བའི་རིག་གནས་ཀྱི་ལོ་རྒྱུས་བྱུང་འཕེལ་དང་འཛིན་སྤེལ་ལ་རྒྱུས་ལོན་བྱེད་ཐུབ་པ་རེད།
《དག་པའི་ཞིང་གི་མཚོ་སྔོན་པོ》ཞེས་པའི་གར་སྟེགས་ཟློས་གར་ལ་བསྐལ་བ་ཡ་ཐོག་གི་འབོད་པ་དང་། མཚོ་གཏེར་འབུལ་བའི་འབྱུང་ཁུངས། མཚོ་གཏེར་འབུལ་བ། ནུབ་མཚོའི་སྤྲོ་གླུ། མཚོ་སྔོན་པོ་བཅས་རིམ་པ་ལྔ་རུ་བགོས་ནས་མཚོ་སྔོན་པོའི་མཐའ་སྐོར་གྱི་བོད་པའི་དམངས་སྲོལ་དང་མཚོ་གཏེར་འབུལ་བའི་རིག་གནས་ཀྱི་གོ་དོན་སོགས་མངོན་པར་མཚོན་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་སྒོས་འཚོ་བའི་རེ་སྨོན་ལེགས་པོ་དེ་བརྗོད་པ་རེད།
