logo

འཛམ་གླིང་སྟེང་ཆེས་རིང་བའི་བོད་ཡིག་ཡིག་གཟུགས་ཤོག་དྲིལ་རིང་མོ་ཞོ་སྟོན་སྟེང་འགྲེམ་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-22 ཀློག་གྲངས།:

世界最长的藏文书法长卷将亮相雪顿节书画展
འཛམ་གླིང་སྟེང་ཆེས་རིང་བའི་བོད་ཡིག་ཡིག་གཟུགས་ཤོག་དྲིལ་རིང་མོ།

འཛམ་གླིང་སྟེང་ཆེས་རིང་བའི་བོད་ཡིག་ཡིག་གཟུགས་ཤོག་དྲིལ་རིང་མོའི་ཁག་ཅིག

  ཉེ་ཆར། བོད་ལྗོངས་ཀྱི་རྡོར་ལུགས་ཐང་གའི་སྲོལ་འབྱེད་མཁན་གཉན་ཤུལ་རྡོ་རྗེ་དོན་གྲུབ་ལགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། བོད་ཡིག་ཡིག་གཟུགས་སྣ177གྱིས་གྲུབ་པའི་རིང་ཚད་ལ་སྨི206ཡོད་པའི་བོད་ཡིག་ཡིག་གཟུགས་ཤོག་དྲིལ་རིང་མོ་དེ་ཞོ་སྟོན་གྱི་ཡིག་རིས་འགྲེམ་སྟོན་སྟེང་འགྲེམ་སྟོན་བྱ་རྒྱུ་རེད།
  བོད་ཡིག་ཡིག་གཟུགས་ཀྱི་ཤོག་དྲིལ་རིང་མོ་དེ་ནི་གཉན་ཤུལ་རྡོ་རྗེ་དོན་གྲུབ་ལགས་དང་བོད་ཀྱི་ཡིག་མཁན་གེ་མང་འཇམ་དཔལ་ལགས་གཉིས་ཀྱིས་ལོ་ངོ་བཞིའི་རིང་ལ་ཕོ་བྲང་པོ་ཏ་ལ་དང་། སྡེ་དགེ་དཔར་ཁང་། སྐུ་འབུམ་བྱམས་པ་གླིང་སོགས་མདོ་དབུས་ཁམས་གསུམ་གྱི་ཡིག་མཁན་རྣམས་ནས་བོད་ཀྱི་ཡིག་གཟུགས་མང་པོ་འཚོལ་བསྡུ་བྱས་ནས་ཡིག་གཟུགས་ཀྱི་ཤོག་དྲིལ་རིང་མོའི་སྟེང་བཀོད་པ་རེད།


འབྲེལ་ཡོད་འོས་སྦྱོར།