logo

ཀརྨ་རྡོ་རྗེ་ཚེ་རིང་གི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་པེ་ཅིང་མཁའ་འགྲུལ་སྒྱུ་རྩལ་ཁང་དུ་སྤེལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-19 ཀློག་གྲངས།:

ཀརྨ་རྡོ་རྗེ་ཚེ་རིང་གི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་པེ་ཅིང་མཁའ་འགྲུལ་སྒྱུ་རྩལ་ཁང་དུ་སྤེལ།

        ཉེ་ལམ། པེ་ཅིང་མཁའ་འགྲུལ་རིག་གནས་དང་སྒྱུ་རྩལ་སྨྱན་སྤེལ་ཞིབ་འཇུག་ཁང་གིས་གཙོ་སྒྲུབ་གནང་བའི“ཀརྨ་རྡོ་རྗེ་ཚེ་རིང་གི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན”པེ་ཅིང་མཁའ་འགྲུལ་སྒྱུ་རྩལ་ཁང་དུ་དངོས་སུ་འགྲེམ་སྤེལ་བྱས་ཤིང་། བསྡོམས་པས་བོད་ཀྱི་སྒྱུ་རྩལ་པའི་ཉེ་བའི་ལོ་འགའི་ཤོག་བུར་བཏབ་པའི་སྐྱ་ཐིག་དང་། པར་ངོས་ཇུས་རིས། ཕྱོགས་བསྡུས་རྒྱུ་ཆ་སོགས་སྒྱུ་རྩལ་བརྩམས་ཆོས100ལྷག་འདུས་པ་དང་། པེ་ཅིང་མཁའ་འགྲུལ་སློབ་ཆེན་ཕྱི་ནང་གི་གཟིགས་མོ་བ་རྣམས་ལ་བློ་ཡུལ་ལས་འགོངས་པའི་བསམ་ཚོར་ཞིག་ངང་ངམ་ཤུགས་ཀྱིས་བསྐྱེད་བྱུང་། རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་ནི་ཟླ7པའི་ཚེས28བར་སྤེལ་རྒྱུ་ཡིན་པ་རེད།

        ཀརྨ་རྡོ་རྗེ་ཚེ་རིང་ནི1963ལོར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ནང་ཆེན་རྫོང་གཏོགས་ཀྱི་སྡེ་བ་ཞིག་ཏུ་སྐྱེས་ཤིང་། ད་ལྟ་མི་རིགས་དཔེ་སྐྲུན་ཁང་གི་མཛེས་རིས་རྩོམ་སྒྲིག་པ་ཡིན། ཀྲུང་གོའི་མཛེས་རིས་པའི་མཐུན་ཚོགས་ཀྱི་ཚོགས་མི་དང་། ཀྲུང་གོའི་དཔེ་སྐྲུན་མཐུན་ཚོགས་དེབ་ཇུས་སྒྱུ་རྩལ་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ། ཀྲུང་གོའི་གྲངས་ཉུང་མི་རིགས་མཛེས་རིས་ཡར་སྐུལ་ཚོགས་པའི་འགན་འཛིན། རྒྱལ་ཡོངས་གསར་འགྱུར་པར་སྐྲུན་ལས་རིགས་ཀྱི་གདོང་ལེན་མི་སྣ་ཞིག་ཡིན་ལ། རྒྱལ་ཁབ་ཕྱི་ནང་དུ་ཐེངས50ལྷག་ལ་འགྲེམ་སྟོན་སྤེལ་མྱོང་བ་དང་། དཔེ་རིས་དང་ཇུས་འགོད་བརྩམས་ཆོས་གང་མང་ལ་རྒྱལ་སྤྱིའི་ཕུལ་བྱུང་བྱ་དགའ་ཐོབ་མྱོང་ཞིང་། ཁོ་ལ་སྤྲོ་སེམས་ཆེན་པོ་རྒྱས་ཏེ་ཐེངས་འདིར་ཡང་འདི་ལྟ་བུའི་འགྲེམ་སྟོན་གནང་བ་དང་། དེས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཇུས་འགོད་རྣམ་པ་མངོན་པར་བཏོད་ཡོད།


འབྲེལ་ཡོད་འོས་སྦྱོར།