ཚྭ་འདམ“ཀླུ་མང་བྲག་བརྐོས”རྟགས་མའི་རྡུང་ལེན་འགྲན་ཚོགས་སྐབས་གཉིས་པ་བསྡུ་བའི་བརྡ་ཐོ།
རྩོམ་པ་པོ།:མཚོ་ནུབ་རླུང་འཕྲིན་ལས་ཁུངས་དང་
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-07-17
ཀློག་གྲངས།:
རྡུང་ལེན་ནི་སྤྱིར་རང་རེ་བོད་གངས་ཅན་གྱི་ཡུལ་འདིའི་སྐྱེ་འགྲོ་ཕོ་མོ་ཀུན་གྱིས་དགའ་བསུ་ཆེན་པོ་བྱེད་ཅིང་ནང་སྒོས་སུ་མདོ་ཁམས་ཡུལ་གྱི་དམངས་ཁྲོད་དུ་དར་ཁྱབ་ཆེས་ཆེ་བའི་ཐུན་མོང་མ་ཡིན་པའི་རམ་དཀྲོལ་སྒྱུ་རྩལ་གྱི་རྣམ་པ་ཡན་གར་བ་ཞིག་ཡིན་ལ། ཉེ་བའི་ལོ་འདི་འགའི་རིང་ལ་རྒྱ་ཆེའི་རོང་འབྲོག་ས་ཁུལ་ཀུན་དུ་རྡུང་ལེན་ལ་མོས་པ་དང་དུང་བ་ཆེ་ཞིང་རང་ཉིད་ཀྱི་ཁྱད་ཆོས་སྲུང་འཛིན་གྱི་ན་གཞོན་རྡུང་ལེན་པ་ཕུལ་དུ་བྱུང་བ་གང་མང་མང་ཞིག་གིས་རླུང་བརྙན་འཕྲིན་དང་འོད་སྡེར་སོགས་བརྒྱུད་དེ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་འཇོན་ཐང་དེ་ཡོངས་སུ་ངོམ་ཞིང་རྒྱ་ཆེའི་ལྟ་མཁན་དང་ཉན་མཁན་མང་པོ་ཞིག་གི་སྒྱུ་རྩལ་འཚོ་བའི་ལོངས་སྤྱོད་ཀྱང་དབྱར་གྱི་མཚོ་མོ་བཞིན་རྒྱས་པར་བྱས་ཡོད།
རེབ་འདིར་ཐེམ་ཆེན་རྫོང་སེང་མོ་འོ་ལས་མཉམ་ལས་ཁང་གིས་མ་དངུལ་གྱི་མཐུན་རྐྱེན་སྦྱར་ཏེ་མཚོ་ནུབ་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་བརྙན་འཕྲིན་ཁང་བོད་སྐད་ཚན་ཁག་གིས་མཉམ་འབྲེལ་སྒོས། གཅིག་ནས་བོད་དམངས་ཁྲོད་ཀྱི་སྔར་ལས་མང་བའི་གསར་སྐྱེས་རྡུང་ལེན་པ་མང་པོ་ཞིག་སྔོག་འཚོལ་དང་སྐྱེད་སྲིང་བྱེད་རྒྱུ་དང་། གཉིས་ནས་བོད་དམངས་ཁྲོད་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་རྩ་ཆེན་མང་པོ་ཞིག་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་གྱི་ཚུལ་དུ་རྒྱུད་འཛིན་དང་སྲུང་སྐྱོབ་བྱེད་པར་གཙོར་དམིགས་ཏེ་ད་ལོའི་ཟླ9བའི་ཚེས14ནས་ཚེས15ཉིན་གཉིས་ལ“ཀླུ་མང་བྲག་བརྐོས”རྟགས་ཅན་གྱི་རྡུང་ལེན་འགྲན་ཚོགས་སྐབས་གཉིས་པ་བསྡུ་རྒྱུ་ཡིན་ལ། བྱེ་བྲག་གིས་ཀུན་ལ་གསལ་ཆ་དགོས་པའི་ནང་དོན་འགའ་གཤམ་གསལ་ལྟར།
དང་པོ། འགྲན་ཞུགས་རྡུང་ལེན་པ་རེ་རེས་གླུ་ཚིག་དང་དབྱངས་རྟ་གསར་བའི་རྡུང་ལེན་གསུམ་རེ་གྲ་སྒྲིག་བྱེད་དགོས་པ་དང་། གླུ་ཚིག་གི་ནང་དོན་ལ་ཡར་སྐུལ་གྱི་རང་བཞིན་དང་ལྡན་དགོས།
གཉིས་པ། འགྲན་ཞུགས་པར་ཕོ་མོའི་ཚད་བཀག་མེད་ཅིང་མིང་ཐོ་འགོད་རིན་མི་རེས་སྒོར་བརྒྱ་རེ་སྤྲོད་དགོས། འགྲོ་འདུག་བཟའ་གསུམ་མི་སྒེར་གྱི་འགན་འཁུར་དགོས།
གསུམ་པ། བྱ་དགའི་ཨང་རིམ་སྒྲིག་སྟངས་ལ་ཨང་དང་པོ་གཅིག་དང་ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ། ཕུལ་བྱུང་བྱ་དགའ་བཅུ་བཅས་ཡོད།
བཞི་པ། བྱ་དགའི་རྣམ་གྲངས་ལ་ཨང་དང་པོ་ཐོབ་མཁན་ལ་སྒོར་སྟོང་གཉིས་དང་ཨང་གཉིས་པ་རེར་སྒོར་སྟོང་གཅིག ཨང་གསུམ་པ་རེར་སྒོར་ལྔ་བརྒྱ་རེ། ཕུལ་བྱུང་བྱ་དགའ་བཅས་གནང་རྒྱུ་ཡིན།
ལྔ་པ། མིང་ཐོ་འགོད་པའི་དུས་ཚོད་ནི2013ལོའི་ཟླ7པའི་ཚེས20ནས་ཟླ9བའི་ཚེས1ཉིན་གྱི་བར་ཡིན་ལ། འགྲན་སྡུར་གྱི་དུས་རིམ་ལ་ཐོག་མའི་འགྲན་སྡུར2013ལོའི་ཟླ9བའི་ཚེས13ཉིན་དང་བསྐྱར་མའི་འགྲན་སྡུར་ནི་ཚེས14། ཚེས15ཉིན་རྟིང་རྩོད་འགྲན་སྡུར་དང་བྱ་དགའ་འགྲེམ་སྟེར་དགོང་ཚོགས་སྤེལ་རྒྱུ།
ཐེངས་འདིའི་འགྲན་ཚོགས་ལས་ཕུལ་དུ་བྱུང་བའི་རྡུང་ལེན་པ་སྐོར་ཞིག་ཆེད་དུ་འདེམ་ཏེ་ཉེ་ལམ་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་གཙོ་སྒྲུབ་བྱས་ཏེ་སྤེལ་ལ་ཉེ་བའི་མདོ་ཁམས་ཡུལ་གྱི་བོད་ཀྱི་སྒྲ་སྙན་རྡུང་ལེན་རྟིང་རྩོད་འགྲན་སྡུར་སྐབས་ལྔ་པའི་སྟེང་ངོ་སྤྲོད་བྱེད་རྒྱུ་ཡིན་པ་མ་ཟད་དེ་མཐུན་གྱི་ཆེད་སྒྲིག་བརྙན་འཁོར་སོགས་ཀྱང་འགྲེམ་སྤེལ་བྱེད་རྒྱུ་ཡིན།
འབྲེལ་གཏུག་བྱེད་ཡུལ། བདེ་སྐྱིད་སྒྲོལ་མ། བོང་སྟག་རི་ལུ།
ཁ་པར་ཨང་གྲངས། 0977-8225438 དང 0977-8223003 13897176818 15695373059
མཚོ་ནུབ་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་ཚན་ཁག

འབྲེལ་ཡོད་འོས་སྦྱོར།