logo

རེབ་གོང་ཐང་གའི་གསང་ཐིག་གི་མཆོག་རྩལ་འགྲེམ་སྟོན་དེ་རེབ་གོང་སྒྱུ་རྩལ་ཁང་དུ་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-16 ཀློག་གྲངས།:

  ཉེ་ཆར། རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་རེབ་གོང་སྒྱུ་རྩལ་ཁང་གི་མཉམ་དུ་བསྒྲུབ་པའི་རེབ་གོང་ཐང་གའི་གསང་ཐིག་གི་མཆོག་རྩལ་འགྲེམ་སྟོན་དེ་རེབ་གོང་སྒྱུ་རྩལ་ཁང་དུ་བསྡུས་པ་རེད།
  ཐེངས་འདིའི་འགྲེམ་སྟོན་སྟེང་གཙོ་བོ་རེབ་གོང་གི་ཐང་གའི་གསང་ཐིག་དང་སྐྱ་ཐིག་འགོད་པའི་ལག་རྩལ་མངོན་པ་དང་། དེ་དག་ནི་སྒྱུ་རྩལ་ཁང་གིས་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་ནས་བཟུང་དམངས་ཁྲོད་ནས་བསྡུ་ཉར་བྱས་པའི་མཆོག་ཏུ་གྱུར་པའི་རི་མོ་ཁག་ཅིག་ཡིན་ཞིང་། ཐུན་མོང་མ་ཡིན་པའི་ཐིག་སྐུད་ལ་བརྟེན་ནས་གསོན་ཉམས་ལྡན་པའི་ལྷ་སྐུ་རེ་རེ་གསར་བཞེངས་བྱས་ལ། དེ་ལས་རེབ་གོང་ལྷ་རིས་པ་རྣམས་ཀྱི་ཁྱད་དུ་འཕགས་པའི་རྩལ་དང་གཏིང་ཟབ་པའི་རྨང་གཞི་མངོན་པར་མཚོན་པ་རེད།


འབྲེལ་ཡོད་འོས་སྦྱོར།