logo

མཚོ་ལྷོ་ཁུལ་བྲག་དཀར་རྫོང་ལུང་བཟང་ཡུལ་ཚོའི་དམངས་རྩལ་འགྲན་ཚོགས་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-10 ཀློག་གྲངས།:


མཚོ་ལྷོ་ཁུལ་བྲག་དཀར་རྫོང་ལུང་བཟང་ཡུལ་ཚོའི་དམངས་རྩལ་འགྲན་ཚོགས་བསྡུས་པ།

        ཟླ7པའི་ཚེས1ཉིན། བྲག་དཀར་རྫོང་ལུང་བཟང་ཡུལ་ཚོའི་རོང་འབྲོག་མི་དམངས་ཀྱི་ལུས་རྩལ་འགྲན་ཚོགས་ལུང་བཟང་རྩྭ་ཐང་དུ་སྤེལ་ཞིང་། སྡེ་བ7གྱི་ཚབ་བྱེད་རུ་ཁག་དང་རོང་འབྲོག་མང་ཚོགས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ཤིང་རླངས་འཁོར་སྐོར་ཏེ་ཕྱོགས་བཞི་མཚམས་བརྒྱད་ནས་གནས་འདིར་འཛོམས་པ་དང་། འབྲོག་ཁུལ་སྲོལ་རྒྱུན་གྱི་རྩེད་འཇོའི་རྣམ་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར60ལོན་པར་རྟེན་འབྲེལ་ཞུས་པ་རེད།

        ལུང་བཟང་ཡུལ་ཚོའི་བཅའ་སྡོད་སློབ་གྲྭའི་བྲོ་གར《འཆམ་མཐུན་གྱི་རྩྭ་ཐང》ཞེས་པས་མཛད་སྒོའི་འགོ་ཚུགས་པ་དང་། “དེ་རིང་ཁུལ་སྟོན་གྱི་བྱེད་སྒོ་ཆེན་པོ་འདིར་ཞུགས་ཐུབ་པར་དགེ་སློབ་ཀུན་དགའ་སྤྲོ་ཆེན་པོ་རྒྱས་ཤིང་། འཁྲབ་སྟོན་དག་ཀྱང་ཞིབ་ཚགས་ཀྱིས་གྲ་སྒྲིག་བྱས་པ་ཡིན་ལ། ཉེ་བའི་ལོ་འགའི་ནང་། སློབ་གྲྭའི་སློབ་གསོའི་སློབ་སྒྲུབ་ཆ་རྐྱེན་བསྟུད་མར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། ང་ཚོས་བཀའ་དྲིན་བསམ་ཞིང་རང་གི་ལས་གནས་ལ་རྐང་བཙུགས་ཏེ་ཕུལ་བྱུང་གྲུབ་འབྲས་ལས་སྤྱི་ཚོགས་ལ་དྲིན་གཟོ་བ་དང་། སྔར་ལས་མཛེས་པའི་ཕ་ཡུལ་འཛུགས་སྐྲུན་བྱ་ངེས”ཞེས་སློབ་གཙོ་ཀླུ་ཚེ་རིང་གིས་གསུང་།

མཚོ་ལྷོ་ཁུལ་བྲག་དཀར་རྫོང་ལུང་བཟང་ཡུལ་ཚོའི་དམངས་རྩལ་འགྲན་ཚོགས་བསྡུས་པ།

        ཕྱི་དྲོའི་ཆུ་ཚོད2ཀྱི་སྟེང་། རྟ་རྒྱུག་འགྲན་བསྡུར་སོགས་སྤེལ་མགོ་བརྩམས་ཤིང་། འདི་ནི་ས་གནས་མང་ཚོགས་ཆེས་དགའ་བའི་ལུས་རྩལ་ཞིག་ཡིན། རྟ་རྒྱུག་འགྲན་བསྡུར་ཁྲོད“པེ་ཅིང་ཅི་ཕུ”ཞེས་པས་མི་རྣམས་ཀྱི་མིག་དབང་རབ་ཏུ་འཕྲོག  དེ་མིན་ཐག་འཐེན་འགྲན་བསྡུར་དང་། དམངས་གླུ་འགྲན་བསྡུར་སོགས་བྱ་འགུལ་སྣ་ཚོགས་ཀྱང་གཅིག་རྗེས་གཉིས་མཐུད་དུ་སྤེལ་བ་རེད།


འབྲེལ་ཡོད་འོས་སྦྱོར།