དཀར་མཛེས་ཀྱི་བོད་ཀྱི་རིག་རྩལ་འཁྲབ་སྟོན་ཀོང་ཀྲིག་ཏུ་བསྡུས་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-07-10
ཀློག་གྲངས།:

དཀར་མཛེས་ཀྱི་བོད་ཀྱི་རིག་རྩལ་འཁྲབ་སྟོན་ཀོང་ཀྲིག་ཏུ་བསྡུས་པ།
ཟླ7པའི་ཚེས8ཉིན། སི་ཁྲོན་དཀར་མཛེས་ཀྱི་བོད་ཀྱི་རིག་རྩལ་འཁྲབ་སྟོན་ཀོང་ཀྲིག་ཏུ་བསྡུས་ཤིང་། བོད་ཀྱི་གླུ་བ་གྲགས་ཅན་ཡར་དུང་དང་ཚེ་རིང་དབྱངས་ཅན། དཀར་མཛེས་ཁུལ་མི་རིགས་གླུ་གར་ཚོགས་པ་སོགས་ཀྱིས་ཡུལ་དེའི་མང་ཚོགས་ལ་མིག་གི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་ཕུལ་བ་རེད།
རིག་རྩལ་འཁྲབ་སྟོན་ཡོངས་སུ་མི་རིགས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་ཅིང་། ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་གླུ་གཞས་དང་ཞབས་བྲོ། གྱོན་ཆས་སོགས་བརྒྱུད་ནས་བོད་མི་རིགས་ཀྱི་ལོ་རྒྱུས་བྱུང་བ་རིང་མོ་དང་། རྫོངས་སྟུག་པོའི་རིག་གནས། ཁྱད་དུ་འཕགས་པའི་སྒྱུ་རྩལ། ཡིད་དུ་འོང་བའི་ཕྱི་སྣོད་ཀྱི་བཀོད་པ་སོགས་ཀུན་གྱི་མཐོང་ལམ་དུ་མངོན།

དཀར་མཛེས་ཀྱི་བོད་ཀྱི་རིག་རྩལ་འཁྲབ་སྟོན་ཀོང་ཀྲིག་ཏུ་བསྡུས་པ།
འབྲེལ་ཡོད་འོས་སྦྱོར།
