སྐབས་གསུམ་པའི་གངས་ཏི་སེའི་སྤྱི་ཕན་ཁོར་ཡུག་སྲུང་སྐྱོབ་བྱ་འགུལ་གྱི་མིང་ཐོ་འགོད་འགོ་བརྩམས་པ།

སྐབས་གསུམ་པའི་གངས་ཏི་སེའི་སྤྱི་ཕན་ཁོར་ཡུག་སྲུང་སྐྱོབ་བྱ་འགུལ་དྲིལ་སྒྲོག་ལག་དེབ།
ཉེ་ཆར། སྐབས་གསུམ་པའི་གངས་ཏི་སེའི་སྤྱི་ཕན་ཁོར་ཡུག་སྲུང་སྐྱོབ་བྱ་འགུལ་གྱི་མིང་ཐོ་འགོད་འགོ་བརྩམས་ཤིང་། བྱ་འགུལ་འདི་སྤེལ་པའི་དམིགས་ཡུལ་ནི་སྤྱི་ལེ52ཡོད་པའི་གངས་རིན་པོ་ཆེ་ལ་གངས་བསྐོར་རྒྱག་པ་དང་མཉམ་དུ། གད་སྙིགས་བཏུས་ནས་ཁོར་ཡུག་སྲུང་སྐྱོབ་དྲིལ་སྒྲོག་བྱེད་པ་དེ་རེད། ཐེངས་འདིའི་བྱ་འགུལ་ཟླ8པའི་ཚེས29ཉིན་ནས་ཟླ9པའི་ཚེས13ཉིན་བར་དུ་སྤེལ་རྒྱུ་ཡིན་ལ། 2013ལོའི་ཟླ8པའི་ཚེས10ཉིན་བར་དུ་ཐོ་འགོད་བྱས་ཆོག་པ་དང་། སྔོན་རྩིས་བྱས་པ་ལྟར་ན་དང་བླངས་པ་མི40བསྡུ་རྒྱུ་རེད།
གངས་ཏི་སེའི་སྤྱི་ཕན་ཁོར་ཡུག་སྲུང་སྐྱོབ་བྱ་འགུལ་ནི2011ལོར་པེ་ཅིང་ཀུ་ཤུ་ཐེབས་རྩ་ཚོགས་པའི་སྤེལ་བ་ཡིན་ཞིང་། བྱ་འགུལ་དེས་གཙོ་བོ་གངས་རིན་པོ་ཆེ་ཉེ་འཁོར་གྱི་གད་སྙིགས་གཙང་མར་བཏུས་ནས་རོང་འབྲོག་མང་ཚོགས་དང་གནས་སྐོར་བ་རྣམས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་ཡིན། གངས་རིན་པོ་ཆེའི་བསྐོར་ལམ་གྱི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི4678ནས་སྨི5564ཡོད་པ་རེད།

སྐབས་གསུམ་པའི་གངས་ཏི་སེའི་སྤྱི་ཕན་ཁོར་ཡུག་སྲུང་སྐྱོབ་བྱ་འགུལ་གྱི་ལམ་ཐིག
