logo

སྐབས་དྲུག་པའི་མཚོ་སྔོན་པོའི་ཉ་གཟིགས་དང་ཚེ་བླུའི་དུས་ཆེན་རྐང་ཚ་རྫོང་དུ་འགོ་བརྩམས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-07 ཀློག་གྲངས།:

第六届青海湖裸鲤增殖放流暨观鱼放生活动在刚察县举行
སྐབས་དྲུག་པའི་མཚོ་སྔོན་པོའི་ཉ་གཟིགས་དང་ཚེ་བླུའི་དུས་ཆེན་རྐང་ཚ་རྫོང་དུ་འགོ་བརྩམས་པ།

སྐབས་དྲུག་པའི་མཚོ་སྔོན་པོའི་ཉ་གཟིགས་དང་ཚེ་བླུའི་དུས་ཆེན་རྐང་ཚ་རྫོང་དུ་འགོ་བརྩམས་པ།
སྐབས་དྲུག་པའི་མཚོ་སྔོན་པོའི་ཉ་གཟིགས་དང་ཚེ་བླུའི་དུས་ཆེན་རྐང་ཚ་རྫོང་དུ་འགོ་བརྩམས་པ།

  ཟླ7པའི་ཚེས6ཉིན། སྐྱེ་ཁམས་རྐང་ཚ་དང་འཆམ་མཐུན་གོང་སྤེལ་ཞེས་པ་བརྗོད་གཞིར་བྱས་པའི་སྐབས་དྲུག་པའི་མཚོ་སྔོན་པོའི་ཉ་གཟིགས་དང་ཚེ་བླུའི་དུས་ཆེན་མཚོ་བྱང་ཁུལ་རྐང་ཚ་རྫོང་དུ་འགོ་བརྩམས་པ་རེད།
  ཐེངས་འདིའི་མཚོ་སྔོན་པོའི་ཉ་གཟིགས་དང་ཚེ་བླུའི་དུས་ཆེན་སྟེང་ཚེ་བླུ་གཏོང་བའི་བྱ་འགུལ་དང་། མཚོ་སྔོན་ཞིང་ཆེན་གྱི་སྐབས་གཉིས་པའི་མང་ཚོགས་ཀྱི་ཞབས་བྲོ་འགྲན་སྡུར་དང་ཞིང་ཆེན་ཡོངས་ཀྱི་སྐོར་བྲོའི་འགྲན་སྡུར། མཚོ་སྔོན་པོའི་དམངས་ཁྲོད་ཀྱི་མཚོ་གཏེར་འབུལ་བ་སོགས་བྱ་འགུལ་རབས་དང་རིམ་པ་སྤེལ་བ་རེད།
  རྒྱུས་ལོན་པ་ལྟར་ན་མཚོ་སྔོན་པོའི་ཉ་གཟིགས་དང་ཚེ་བླུའི་དུས་ཆེན་གྱི་འགོ་རྩོམ་མཛད་སྒོའི་སྟེང་ཙོང་ཉ་འབུམ1ཚེ་ཐར་ལ་བཏང་ཞིང་། འཆར་གཞི་ལྟར་ན་སྐབས་འདིའི་དུས་ཆེན་སྟེང་ཁྱོམ་བསྡོམས་ཙོང་ཉ་འབུམ7ཚེ་ཐར་ལ་གཏོང་གྲབས་ཡོད་པ་རེད།
 


འབྲེལ་ཡོད་འོས་སྦྱོར།