logo

སྐབས་གཉིས་པའི་ཧི་མ་ལ་ཡའི་རི་འཛེག་གླེང་སྟེགས་ལྷ་ས་རུ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-06 ཀློག་གྲངས།:
  ཟླ7པའི་ཚེས5ཉིན། སྐབས་གཉིས་པའི་ཧི་མ་ལ་ཡའི་རི་འཛེག་གླེང་སྟེགས་ལྷ་ས་རུ་བསྡུས་ཤིང་། ཐེངས་འདིའི་གླེང་སྟེགས་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཅུའུ་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་དང་བོད་ལྗོངས་ལུས་རྩལ་ཅུའུ་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་འགྲོ་བ་མིའི་རིགས་ཇོ་མོ་གླང་མར་འཛེག་ནས་ལོ་འཁོར60ལོན་པར་རྗེས་དྲན་བྱེད་པའི་བྱ་འགུལ་གྱི་ཁག་ཅིག་ཡིན་པ་རེད།
  གླེང་སྟེགས་སྟེང་འབྲེལ་ཡོད་འགོ་ཁྲིད་དང་ཆེད་མཁས་རྣམས་ཀྱིས་ཀྲུང་གོའི་ཚོང་ལས་རི་འཛེག་གི་གནས་བབ་དང་གོང་སྤེལ། ཧི་མ་ལ་ཡའི་རོགས་སྐྱོར་མ་ལག་གི་འཛུགས་སྐྲུན། རྒྱལ་ནང་གི་རི་འཛེག་པའི་ཚོགས་ཀྱི་གྲུབ་སྟངས་སོགས་དང་འབྲེལ་ནས་སོ་སོའི་ལྟ་བ་ལྷུག་པོར་བརྗོད་པ་རེད།


འབྲེལ་ཡོད་འོས་སྦྱོར།