logo

ཨ་མ་ལགས་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟིས་དྭ་ཕྲུག་བསྡུས་ནས་མི་རིགས་རོལ་ཚོགས་ཤིག་འཛུགས་གྲབས་བྱེད་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-05 ཀློག་གྲངས།:

阿妈啦文化传播有限公司培养贫困孤儿组民族乐队
བོད་ཀྱི་གླུ་བ་གྲགས་ཅན་ཀུན་དགའ་ལགས།

  རྣམ་དཀར་དགེ་བའི་ལས་ལྷུར་ལེན་བྱེད་པའི་བོད་ཀྱི་གླུ་བ་གྲགས་ཅན་ཀུན་དགའ་ལགས་ཀྱིས་རང་བྱུང་གནོད་འཚེ་ཐེབས་པའི་ཡུལ་གྲོང་དང་དབང་བོ་སྐྱོན་ཅན་གྱི་བྱིས་པའི་སློབ་གྲྭར་སོང་ནས་ལྷག་བསམ་རྣམ་དག་གིས་རོགས་སྐྱོར་གནང་དང་གནང་བཞིན་ཡོད་ལ། ཉེ་ཆར་ཁོང་གིས་ལོ་བཅུ་ནས་ལོ་བཅོ་ལྔའི་བར་ཡིན་པ་དང་། གླུ་གཞས་ཀྱི་རྨང་གཞི་ཅུང་ཙམ་ཡོད་པ། དེ་མིན་འཚོ་བར་དཀའ་ངལ་ཆེ་བའི་དྭ་ཕྲུག་རྣམས་བསྡུས་ནས་མི་རིགས་ཀྱི་སྲོལ་རྒྱུན་རོལ་ཆས་ལ་སྦྱོང་བ་བྱས་ནས་མི་རིགས་ཀྱི་རོལ་ཚོགས་ཤིག་འཛུགས་གྲབས་ཡོད་ཅིང་།  དེའི་དམིགས་ཡུལ་ནི་བྱིས་པ་རྣམས་ཀྱིས་བོད་ཀྱི་སྲོལ་རྒྱུན་གྱི་རོལ་ཆས་ལ་སློབ་སྦྱོང་བྱས་ཏེ་ཁོང་ཚོར་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་ཞིག་བསྐྲུན་པར་མཐུན་རྐྱེན་གང་ལེགས་སྦྱོར་རྒྱུ་དེ་ཡིན་པའོ།།


འབྲེལ་ཡོད་འོས་སྦྱོར།