བོད་ལྗོངས་འགྲན་ཞུགས་པས་བོད་ལྗོངས་འགྲན་ཚིགས་སུ་དཀའ་ཚད་རྣམ་གྲངས་ཀྱི་ཨང་དང་པོ་བླངས།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-07-05
ཀློག་གྲངས།:
ཟླ7པའི་ཚེས4ཉིན་གྱི་ཕྱི་དྲོ། 2013ལོའི་རྒྱལ་ཡོངས་བྲག་འཛེག་དབྱེ་འགྲན་བོད་ལྗོངས་འགྲན་ཚིགས་སུ་བོད་ལྗོངས་ཀྱི་འགྲན་ཞུགས་པ་བསོད་ནམས་རྒྱ་མཚོ་དང་རིན་ཆེན་ལྷ་མོ་གཉིས་སོ་སོས་སྐྱེས་པ་དང་སྐྱེས་མའི་རུ་ཁག་དཀའ་ཚད་རྣམ་གྲངས་ཀྱི་ཨང་དང་པོ་བླངས་པ་རེད།
འགྲན་བསྡུར་རིམ་པར་གནས་སྐབས་སུ་འགྱུར་ལྡོག་བཏང་པ་སྟེ། མ་གཞི་ཆེས་མཇུག་མཐར་འགྲན་བསྡུར་དུ་ཞུགས་མཁན་རིན་ཆེན་ལྷ་མོ་ཡིན་མོད། དེར་འགྱུར་བ་བཏང་སྟེ་ཆེས་ཐོག་མར་འགྲན་བསྡུར་ལ་ཞུགས་མཁན་དུ་གྱུར། ཡིན་ཡང་མོས་བག་ལྷོད་པའི་ངང་འགྲན་བསྡུར་སྐར8ཀྱི་དུས་ཚོད་དམ་འཛིན་བྱས་ཏེ་བདེ་བླག་ངང་རྩེར་སོན་ལ། ཁོ་མོ་ནི་ཐེངས་འདིར་རྩེར་སོན་མཁན་གྱི་སྐྱེས་མའི་འགྲན་ཞུགས་པ་ཉག་ཅིག་ཀྱང་ཡིན།
རྒྱུས་ལོན་པ་ལྟར་ན། ཚེས5ཉིན་ད་དུང་སྐྱེས་པ་དང་སྐྱེས་མའི་བྲག་འཛེག་རྣམ་གྲངས་ཀྱི་ཨང་དང་པོ་བསྡུར་རྒྱུ་ཡིན་ཞིང་། བོད་ལྗོངས་ཀྱི་འགྲན་ཞུགས་པ་རིན་ཆེན་ལྷ་མོ་དང་། རིག་འཛིན་དབང་མོ། བསོད་ནམས་རྒྱ་མཚོ་བཅས་ཕུལ་བྱུང་འགྲན་ཞུགས་པ་གཞན་དང་མུ་མཐུད་དུ་འགྲན་བསྡུར་བྱེད་རྒྱུ་ཡིན་པ་རེད།

འབྲེལ་ཡོད་འོས་སྦྱོར།